རྒྱ་ནག་གི་རྩེད་འགྲན་པས་ལོ་ཚེད་རྫུན་བཟོ་བྱས་དོན་སྐོར།

རྒྱ་མིའི་ཇིམ་ནེསི་ཊིཀ་འམ་རྩལ་སྦྱོང་རུ་ཁག་གི་ཚོགས་མི་གཉིས་ཀྱི་ལོ་ཚད་རྫུན་མ་བཟོས་ཡོད་ལུགས་ཀྱི་སྐྱོན་བརྗོད་དེར་ཁས་ལེན་བྱས་མེད་པ་རེད་
2008-07-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་མིའི་ཇིམ་ནེསི་ཊིཀ་འམ་རྩལ་སྦྱོང་རུ་ཁག་གི་འགན་འཛིན་ནས་རིང་མིན་པེ་ཅིང་ནང་སྐོངས་འཚོགས་བྱེད་རྒྱུའི་ཨོ་ལིམ་པིག་གི་རྩལ་འགྲན་ནང་མཉམ་ཞུགས་བྱེད་མཁན་ཚོགས་ཁག་དེའི་ཚོགས་མི་གཉིས་ཀྱི་ལོ་ཚད་རྫུན་མ་བཟོས་ཡོད་ལུགས་ཀྱི་སྐྱོན་བརྗོད་དེར་ཁས་ལེན་བྱས་མེད་པ་རེད་

ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་ ནིའུ་ཡོག་ཀྲའེམ་སེ་ ཞེས་པའི་ནང་ཉེ་ལམ་གནས་ཚུལ་སྤེལ་གསལ་ལྟར་ན་ རྒྱ་ནག་གི་ལུས་རྩལ་འགྲན་བསྡུར་རུ་ཁག་ནང་གི་རྩེད་འགྲན་པ་ ཧེ་ཀེ་ཤིན་ དང་ ཅང་ཡུ་ཡོན་ གཉིས་རང་ལོ་བཅུ་དྲུག་དུ་སོན་པའི་དེབ་སྐྱེལ་བྱས་ཡོད་ཀྱང་དེ་སྔོན་དྲ་རྒྱ་བརྒྱུད་ནས་དེབ་སྐྱེལ་བྱས་པ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན་གོང་ཞུས་རྩེད་འགྲན་པ་དེ་གཉིས་ལོ་ན་༡༦ཟིན་མེད་པ་རེད་

རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གི་སྒྲིག་གཞིར་གཞིགས་ན་ ལོ་ན་བཅུ་དྲུག་མ་སོན་པའི་ལོ་ཆུང་བྱིས་པ་རྣམས་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་ལ་སོགས་པའི་རྩེད་འགྲན་ཆེ་ཁག་ནང་འཛུལ་ཞུགས་བྱེད་ཆོག་གི་མེད་པ་རེད་ རྒྱ་ནག་གི་རྩལ་སྦྱོང་རུ་ཁག་གི་འགན་འཛིན་ཀྲང་ཡིས་ཇིམ་ནེསི་ཊིཀ་རུ་ཁག་གི་རྩེད་འགྲན་པ་ཡོངས་རྫོགས་ཀྱི་ལོ་ཚད་ཁག་གཞུང་འབྲེལ་གྱི་ཡིག་ཆ་གཞིར་བཟུང་ཐོ་བཀོད་དེབ་སྐྱེལ་བྱས་ཡོད་ལུགས་དང་རྩེད་འགྲན་པ་ཆ་ཚང་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་ནང་ཞུགས་ཆོག་པའི་ལོ་ཚད་སོན་ཡོད་ལུགས་དེ་རིང་རེས་གཟའ་ཟླ་བའི་ཉིན་རོའུ་ཀྲར་གསར་འགྱུར་ལས་ཁང་དུ་གསལ་བཤད་བྱས་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།