རྒྱ་ནག་གིས་ཕྱི་རྒྱལ་གསར་འགོད་པ་༡༥ལྷག་འཛིན་བཟུང་བྱས་པ།

རྒྱ་ནག་ནང་གོམ་བགྲོས་ལས་འགུལ་སྤེལ་བཞིན་པའི་གནས་ཚུལ་བཀོད་མཁན་ཕྱི་རྒྱལ་གྱི་གསར་འགོད་པ་༡༥བརྒལ་བ་དོ་དམ་བཀག་ཉར་བྱས་འདུག

2011-03-06
Share

༄༅༎ཇར་མ་ནིའི་ཉིན་རེའི་གསར་ཤོག་ཆེ་ཤོས་Deutsche Presse Agenturགྱིས་ཁེ་ས་སྤེལ་བའི་གནས་ཚུལ་ལྟར་ན་ རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་རྒྱ་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་མཚོན་དོན་མེ་ཏོག་ཀུན་དའི་གོམ་བགྲོས་ལས་འགུལ་ཞེས་པ་སྤེལ་བཞིན་པའི་སྐོར་གནས་ཚུལ་བཀོད་མཁན་ཕྱི་རྒྱལ་གྱི་གསར་འགོད་པ་༡༥བརྒལ་བ་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱས་ཡོད་པ་རེད་ ཁ་སྔོན་ཕྱི་ཟླ་གཉིས་པའི་ཚེས་༢༠ནས་བཟུང་མི་སུ་ཡིན་ཤེས་པར་དཀའ་བས་གནས་འཕྲིན་དྲ་རྒྱ་བརྒྱུད་གཟའ་ཉི་མ་ནམ་ཤར་ཉིན་ཧྲང་ཧེ་ཐེ་བས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་༡༣ཙམ་ནང་མི་མང་ཚོས་མེ་ཏོག་ཀུན་དའི་ལས་འགུལ་སྤེལ་བཞིན་པའི་སྐོར་གནས་ཚུལ་བཀོད་སྐབས་རྒྱ་ནག་གི་ཉེན་རྟོག་མི་སྣས་ཧྲང་ཧེ་གྲོང་ཁྱེར་གྱི་ཞི་བདེའི་གློག་བརྙན་ཁང་ནང་བཀག་ཉར་བྱས་བྱུང་ཞེས་གསར་འགོད་པ་དེ་ཚོའི་ཁོངས་ནས་ གསར་འགོད་པ་གཉིས་ཀྱིས་བཤད་ཡོད་པ་རེད་ དེ་བཞིན་དུ་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ཇར་མ་ནིའི་དུས་དེབ་སི་ཀྲན་གྱི་གསར་འགོད་པ་ཡ་ནིསི་ལྦོ་གིའོ་ཀསི་གྱིས་བརྗོད་དོན་ལྟར་ན་ ཁོང་ཡང་རྒྱ་ནག་གི་པུ་ལི་སིས་ཆུ་ཚོད་གསུམ་རིང་ས་འོག་ཡིབ་ཁང་ནང་བཀག་ཉར་བྱས་ཡོད་པ་རེད་ ཨ་མི་རི་ཀའི་གསར་འགྱུར་ལས་ཁང་སྦུ་ལུམ་སྦག་གི་དཔར་པས་པེ་ཅིང་གི་ཁྲོམ་གཞུང་ཞིག་ནང་མི་མང་ཚོས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་དཔར་རྒྱབ་པར་རྒྱ་ནག་གི་པུ་ལི་སིས་ཉེས་རྡུང་བཏང་བ་དང་ ཕྱི་རྒྱལ་གྱི་གསར་འགོད་པས་ཚོས་རྒྱ་མི་ཚོས་བརྩམས་བཞིན་པའི་མེ་ཏོག་ཀུན་དའི་ལས་འགུལ་སྐོར་གསར་འགྱུར་བཀོད་པ་ཡིན་ན་ ཁོང་ཚོར་ཉེས་ཆད་ཕོག་སྲིད་པས་མ་ཟད་ཁོང་ཚོའི་ལྦི་ས་འམ་ཐོངས་མཆན་ཕྱིར་བསྡུ་བྱེད་ཀྱི་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད་ རྒྱ་ནག་གི་པུ་ལི་སིས་བརྗོད་དོན་ལྟར་ན་ ཇར་མ་ནི་དང་ཉི་ཧོང་ ཨ་མི་རི་ཀ་སོགས་ནས་ཡིན་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་ནང་བརྩི་བཀུར་བྱེད་དགོས་པའི་གསར་འགོད་པའི་སྒྲིག་གཞི་ཁག་ལ་བརྩི་མེད་བྱས་ཡོད་ལུགས་བཤད་ཀྱི་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།