རྒྱ་ནག་གཞུང་གིས་རྒྱ་ནག་གི་རྩོམ་པ་པོ་ཞིག་འཛིན་བཟུང༌།

རྒྱ་ནག་ཉེན་རྟོག་པས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་རྒྱ་ནག་གི་རྩོམ་པ་པོ་གྲགས་ཆེན་རན་ཡུན་ཕེ་འཛིན་བཟུང་བྱས་པ།

2011.03.28

༄༅༎རྒྱ་ནག་ཉེན་རྟོག་པས་གཞུང་འཛིན་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་རྒྱ་ནག་གི་རྩོམ་པ་པོ་གྲགས་ཆེན་རན་ཡུན་ཕེ་འཛིན་བཟུང་བྱས་ཡོད་སྐོར་ཁོང་གི་གྲོགས་པོ་ཞིག་གིས་དེ་རིང་བརྗོད་འདུག

རྒྱ་ནག་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ནང་གི་རྩོམ་པ་པོ་དང༌། རྩོམ་བྲིས་དུས་དེབ་ཀྱི་རྩོམ་སྒྲིག་པ་རན་ཡུན་ཕེ་ཟླ་བ་གཅིག་ཙམ་རིང་ཉེས་འཛུགས་ཁ་གསལ་མེད་པར་རྒྱ་གཞུང་གིས་བཀག་ཉར་བྱས་ཡོད་པ་ཁོང་ལ་ད་ཆ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་དངོས་སུ་འཛིན་བཟུང་བྱས་ཡོད་སྐོར་ ཁོང་གི་གྲོགས་པོ་ཡེ་ཤུའི་ཆོས་ལུགས་ཀྱི་དོན་གཉེར་བ་ལྦང་ཡི་ཡིས་རུཡེ་ཊར་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བཞག།

ཉེ་ལམ་དཀྱིལ་ཤར་ཡུལ་གྲུའི་ནང་མང་ཚོགས་ཀྱི་གསར་བརྗེའི་སྒེར་ལངས་བྱུང་བའི་སྐབས་སུ་རྒྱ་ནག་ནང་དུའང་དེ་ལྟ་བུའི་གསར་བརྗེའི་གྱེན་ལངས་བྱ་དགོས་རྒྱུའི་འབོད་སྐུལ་དྲ་རྒྱའི་ཐོག་ཐོན་པའི་སྐབས་མཚམས་ཕྱི་ཟླ་༢ཚེས་༢༠ཉིན་རྒྱ་མིའི་ཉེན་རྟོག་པས་ཁྲིན་ཏུ་ཁུལ་ནས་དགུང་ལོ་༤༦ཡིན་པའི་རྒྱ་མིའི་རྩོམ་པ་པོ་རན་ཡུན་ཕེ་བཀག་ཉར་བྱས་ཡོད་པ་རེད།

རན་གྱི་བཟའ་ཟླར་དེ་རིང་ཁོང་དངོས་སུ་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་ལག་གསོན་བྱུང་ཡོད་ནའང༌། བཀའ་རྒྱ་དེའི་ཐོག་རེས་གཟའ་ལྷག་པའི་ཚེས་གྲངས་འཁོད་ཡོད་ཅིང༌། ཉིན་དེར་རྒྱ་ནག་གི་དམངས་གཙོ་དེོན་གཉེར་བ་ལིའུ་ཤན་ཕིན་ལ་ཟི་ཁྲོན་ནང་གི་ཁྲིམས་ཁང་ཞིག་གིས་ ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད། རན་ཡུན་ཕེ་དེ་རིང་དངོས་སུ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་དེ་དངོས་འབྲེལ་ཡིན་སྐོར་ཁོང་དང་ཉེ་པོ་ཡོད་པའི་གྲོགས་པོ་གཞན་ཞིག་གིས་ཀྱང་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎