རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་།

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དབྱང་ཅན་ལི་ཡིས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་སྐོར་གསུངས་འདུག

2008.06.05

༄༅༎རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དབྱང་ཅན་ལི་ཡིས་ རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་སྐོར་ ཁོང་གིས་ཁ་ས་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་ ༡༩༨༩ ཕྱི་ཟླ་ ༦ པའི་ཚེས་ ༤འི་གནམ་བདེ་སྒོ་མོའི་དམངས་གཙོའི་ལས་འགུལ་གྱི་དུས་དྲན་ལ་དྲན་གསོའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྐབས་གསར་འགོད་པ་ཚོར་གསུངས་ཡོད་པ་རེད་ སྐུ་ཞབས་དབྱང་ཅན་ལི་ཡིས་ རྒྱ་ནག་ནང་ད་རེས་ཨོ་ལིམ་ཕིག་གི་རྩེད་འགྲན་དང་འབྲེལ་ མི་མང་གི་ཁྲོད་གཞུང་གི་སྐུལ་སློང་བྱས་པའི་རྒྱལ་ཞེན་རིང་ལུགས་ཤུགས་ཆེ་ཞིག་ཡོད་ནའང་ ཁོང་གིས་དགོངས་པར་ དེ་ལྟ་བུའི་སྡིག་པ་མིག་བཙུམས་ཀྱི་རྒྱལ་ཞེན་རིང་ལུགས་དེ་ རྒྱུན་རིང་བརྟན་མི་ཐུབ་ཅེས་དང་ མཐར་ཐུག་རྒྱ་ནག་དམངས་གཙོར་འགྱུར་བའི་སྐབས་སུ་ མི་མང་གི་ནུས་པ་དེ་ས་གནས་འཛིན་སྐྱོང་གི་ཆབ་སྲིད་དང་ སྤྱི་དམངས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ ལྐོག་ཟའི་གནད་དོན་སེལ་ཐབས་བཅས་ཀྱི་ཐད་ནུས་པ་བཏོན་གྱི་ཡོད་པ་གཟིགས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད་

དགུང་གྲངས་༤༥ ཡིན་པའི་སྐུ་ཞབས་དབྱང་ཅན་ལི་ནི་ རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༢ ཀྱི་ལོར་རྒྱ་ནག་གི་གསང་བ་རྐུ་འཁྱེར་བྱེད་མཁན་གྱི་ཐེ་ཝན་གྱི་སོ་མྱུལ་ཞིག་ཡིན་པའི་ཉེས་བཙུགས་འོག་བཙོན་བཅུག་གིས་ མཐར་ཕྱི་ལོ་༢༠༠༧ གི་ཕྱི་ཟླ་༤པའི་ནང་བཙོན་འགྲོལ་ཐོབ་པ་ཞིག་ཡིན་པ་དང་ ཁོང་ནི་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཧར་ཝ་ཌེ་དང་སྦར་ཀ་ལི་གཉིས་ནས་མཁས་དབང་གི་ཕྱག་འཁྱེར་ཐོབ་པའི་ཨ་རིའི་ནང་གཏན་སྡོད་ཆོག་པའི་རྒྱ་རིགས་ཤིག་ཡིན་པ་རེད་ དེ་ཡང་ཁོང་གིས་ རྒྱ་ནག་ནང་དམངས་གཙོའི་ལས་འགུལ་གྱི་ཆེད་ ད་རེས་ཉིན་གྲངས་མང་པོའི་རིང་ ཁོང་གི་བཞུགས་ཡུལ་ཨ་རིའི་གྲོང་ཁྱེར་སྦོ་སི་ཀྲོན་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་བར་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎