རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་ཁེ་ལས་ལ་དཔྱ་ཁྲལ་གུན་གསབ།

རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུར་དངོས་ཟོག་ཕྱིར་བཙོང་བྱེད་མཁན་གྱི་ཚོང་དོན་ཁེ་ལས་ཚོར་དཔྱ་ཁྲལ་གུན་གསབ་སྤྲོད་རྒྱུའི་ཐག་གཅོད་གསར་པ།
2008-12-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་དེས་རྐྱེན་པས་རྒྱ་ནག་གི་ཕྱི་རྒྱལ་ནང་དངོས་ཟོག་ཕྱིར་བཙོང་བྱེད་མཁན་གྱི་ཚོང་དོན་ཁེ་ལས་པ་ཚོར་དངོས་ཟོག་ཕྱིར་བཙོང་ལས་དོན་ཐོག་དཀའ་ངལ་ཕྲད་བཞིན་པའི་གནས་སྟངས་དེར་རོགས་རམ་བྱ་རྒྱུའི་ཆེད་ཕྱི་རྒྱལ་ཡུལ་གྲུར་དངོས་ཟོག་ཕྱིར་བཙོང་བྱེད་མཁན་གྱི་ཚོང་དོན་ཁེ་ལས་ཚོར་དཔྱ་ཁྲལ་གུན་གསབ་སྤྲོད་རྒྱུའི་ཐག་གཅོད་གསར་པ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་འདུག

ཐག་གཅོད་གསར་པ་དེའི་ནང་ཕྱིར་བཙོང་བྱེད་ཡས་ཀྱི་དངོས་ཟོག་བརྒྱ་ཕྲག་ཁ་ཤས་ཐོག་དཔྱ་ཁྲལ་གུན་གསབ་སྤྲོད་རྒྱུ་ཡིན་པ་དང་དངོས་ཟོག་དེ་ཚོའི་ནང་ནས་གཙོ་བོ་འཕྲུལ་རིགས་དང་གློག་ཆས་རིགས་ཀྱི་དངོས་ཟོག་༥༥༣ཙམ་གྱི་ཐོག་དཔྱ་ཁྲ་ཆ་ཡང་བཏང་ཏེ་གུན་གསབ་སྤྲོད་རྒྱུ་ཡིན་ཞིང་དཔྱ་ཁྲལ་གུན་གསབ་ཀྱི་ལས་དོན་དེ་བཞིན་ཕྱི་ཟླ་དང་པོའི་ཚེས་གཅིག་ནས་འགོ་བཙུགས་བྱ་རྒྱུ་ཡིན་པ་རྒྱ་ནག་གི་ནོར་སྲིད་བློན་ཆེན་ནས་འགྲེལ་བརྗོད་བྱས་ཡོད་འདུག ནོར་སྲིད་བློན་ཆེན་ནས་དཔྱ་ཁྲལ་གུན་གསབ་གཏོང་རྒྱུའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་གནང་མེད་ན་ཡང་དངོས་ཟོག་དཔེ་མཚོན་ཁག་ཅིག་བཏོན་ནས་འགྲེལ་བཤད་གནང་ཡོད་པ་རེད། དཔྱ་ཁྲལ་གུན་གསབ་སྤྲོད་རྒྱུའི་ཐག་གཅོད་གསར་པ་དེའི་ནང་དེ་སྔོན་གྱི་ཆ་ཡངས་བརྒྱ་ཆ་བཅུ་བཞི་རྣམས་བརྒྱ་ཆ་བཅུ་བདུན་བར་སྤར་ཆ་བྱ་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།