ཐའེ་ཝན་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་ལུགས་བརྗོད་དགོས་པའི་བཙན་བཀའ་བཏང་ཡོད་པ།

2021.09.18
ཐའེ་ཝན་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་ལུགས་བརྗོད་དགོས་པའི་བཙན་བཀའ་བཏང་ཡོད་པ། ཐེ་ཝན་གྱི་སྲ་ཁྲ།
ཨ་རིའི་རླུང་འཕྲིན།

སློབ་ཕྲུག་༡༦༥༠ཡོད་པའི་ཨ་མི་རི་ཀའི་ཀོ་ལོ་རྭ་ཌོ་མངའ་སྡེའི་ཡེ་ཤུའི་སྒེར་གྱི་སློབ་གྲྭ་རྭེ་ཇི་སེ་ཇེ་སུའིཊེ་(Regis Jesuit) མཐོ་སློབ་ཀྱི་སློབ་ཕྲུག་གིས་ཐའེ་ཝན་མིང་འདོན་བྱས་པའི་རྒྱུ་མཚན་ལ་བརྟེན་སློབ་གྲ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བེུད་ཀྱི་གནས་འབབ་ཀྱི་ཚོགས་ཆེན་ནང་མཉམ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་ལུགས་དྷ་ཝལ་སིཊརིཊ་ཇོརྣལ་(Wall Street Journal) ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད། རྒྱལ་ཚོགས་ཀྱི་ཚོགས་ཆུང་གིས་དེ་སྔ་ནས་སློབ་གྲྭའི་དྲ་རྒྱའི་ཐོག་གསར་འགོད་གསལ་བསྒྲགས་རྙིང་པ་ཞིག་ནང་ཐའེ་ཝན་གྱི་མིང་བཀོད་པ་དེ་ལུང་འདྲེན་བྱས་ཡོད་ཅིང། དེའི་ནང།ན་གཞོན་འགོ་ཁྲིད་འདི་ནང་ཨ་མི་རི་ཀའི་མངའ་སྡེ་བཅུ་གཅིག་དང་ཨོ་སེ་ཊོ་ལི་ཡ་དང་བྭ་རྭ་ཛིལ།་ཀོ་ལོམྦི་ཡ།རྒྱ་གར།མེཀྶི་ཀོ། ཐའེ་ཝན།ཛམྦི་ཡ་དང་ཨ་མི་རི་ཀ་དང་བྭི་རི་ཊི་ཤེ་ཝརྗིན་ཨའི་ལེནྜི་(British Virgin Islands)བཅས་ཀྱི་སློབ་ཕྲུག་ཡོད་འདུག

སློབ་གྲྭ་དེའི་སྙན་ཞུ་ཕྱི་ཟླ་ལྔ་པའི་ནང་ཕྱིར་སློག་བྱ་སྐབས་རྒྱལ་ཚོགས་ཀྱི་ཚོགས་ཆུང་གིས་ཐའེ་ཝན་རྒྱ་ནག་གི་ཞིང་ཆེན་ཡིན་པར་བཟོ་བཅོས་དགོས་ལུགས་གསུངས་ཡོད་འདུག་ཀྱང་སི་པེན་སྐད་ཡིག་དགེ་རྒན་ཁི་རི་ཊི་ན་ཝེ་ལ་(Christina Vela) ཡིས་སྐྱོན་བརྗོད་དེ་མ་བཟོད་པར།ང་ཚོ་ཨ་ལུ་ཆུང་ཆུང་རེད།འོན་ཀྱང་སུས་ཞིག་གིས་ང་ཚོའི་དྲ་རྒྱར་འགོག་རྐྱེན་སྤྲོད་ན་འགྲིག་མིན་སྐྱོན་བརྗོད་གནང་རྗེས་ཕྱི་ཟླ་དགུ་པའི་ནང་སློབ་གྲའི་དེའི་སྙན་ཞུར་ངོས་ལེན་གནང་ཡོད་འདུག གོང་ཞུས་དབྱར་དུས་ཀྱི་སློབ་དུས་ཕྱི་ཟླ་དགུ་པའི་ཚེས་བཅུ་ཉིན་མཇུག་སྒྲིལ་མ་བྱས་གོང་རྒྱ་ནག་གིས་ཚོགས་པ་གཞན་དྲུག་གི་སྙན་ཞུ་ཕྱིར་འགྱངས་བྱས་ཡོད་འདུག།

འགྲོ་བ་མིའི་ཐོབ་ཐང་སློབ་ཁྲིད་ཚན་པའི་དབུ་ཁྲིད་ཨི་ལི་ནོར་ ཨོ་པེན་ཤོ་(Eleanor Openshaw) ཡིས་རྒྱ་ནག་གིས་ཐུབ་ཚོད་གཏོང་བཞིན་ཡོད་པ་དེར་རྒྱལ་ཚོགས་ཀྱིས་ངེས་པར་དུ་གདོང་ལེན་གནང་དགོས་ལུགས་གསུངས་གནང་འདུག ཕྱི་ལོ་༢༠༡༦ལོ་ནས་བཟུང་ཐའེ་ཝན་གྱི་སྲིད་འཛིན་ཚཡི་ཨི་ཝན་གྱིས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་གནང་མུས་ཀྱང་ཕྱི་ཟླ་ཚེས་༢༡བར་ཐའེ་ཝན་ཕྱོགས་གཏོགས་མཚོ་གླིང་གི་ཡུལ་གྲུ་བཅོ་ལྔ་ཡིས་རྒྱ་ནག་གི་གནོན་ཤུགས་འོག་ཐའེ་ཝན་དང་གཞུང་འབྲེལ་བཅད་ཡོད་འདུག
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎