ཀྲའོ་ཡུང་ཁང་གི་ཉེས་དོན་ཞིབ་བཤེར་བྱ་རྒྱུ་གཏན་འཁེལ་ཕྱི་བསྒྲཊ།


2014.07.30
ཀྲའོ་ཡུང་ཁང་དང་སྲིད་འཛིན་ཞེ་རྣམ་གཉིས་རྒྱ་ནག་གི་ཚོགས་ཆེན་སྐབས། ༢༠༡༢།༣ ཀྲའོ་ཡུང་ཁང་དང་སྲིད་འཛིན་ཞེ་རྣམ་གཉིས་རྒྱ་ནག་གི་ཚོགས་ཆེན་སྐབས། ༢༠༡༢།༣
RFA Mandarin

2014-07-30 སྐུ་ཞབས་ཀྲའོ་རྒྱལ་ནང་གི་ཆབ་སྲིད་དབང་ཤུཊ་ཧ་ཅང་ཆེན་པོ་ཆགས་པ་དེ་མཐའ་མ་རང་ཉིད་ལྷུང་བའི་རྒྱུ་རྐྱེན་ཆགས་ཡོད་པའི་ངོས་འཛིན།
དེ་ཡང་ལྐོག་ཟའི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག་ཞིབ་འཇུག་བྱ་རྒྱུའི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཟུར་པ། ཀྲའོ་ཡུང་ཁའང་ཐོག་མར་རྒྱ་ནག་གཞུང་གི་རྡོ་སྣུམ་བཟོ་གྲྭའི་འགོ་ཁྲིད་ཀྱི་ལས་གནས་ཐོག་འཁོད་དེ་རིམ་བཞིན་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་འགོ་གཙོ་ཆགས་ནས་ཆབ་སྲིད་དབང་ཤུགས་ཧ་ཅང་ཆེན་པོ་ཆགས་པ་དེ་མཐའ་མ་རང་ཉིད་ལྷུང་བའི་རྒྱུ་རྐྱེན་ཆགས་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་བཞིན་པ་དང་།
རྒྱ་ནག་གཞུང་གིས་ཚེས༢༩ཉིན་དེ་སྔོན་དབང་ཤུགས་ཆེ་བའི་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ཀྱི་འགོ་གཙོ་ཀྲའོ་ཡུང་ཁའང་གིས་ལྐོག་ཟའི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག་ཞིབ་འཇུག་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་རྒྱ་ནག་ནང་གི་ལྐོག་ཟའི་བྱ་སྤྱོད་ལ་གདོང་ལེན་ནན་པོ་བྱ་རྒྱུའི་སྲིད་ཇུས་ཀྱི་འོག་འདས་པའི་ཟླ་བ་མང་པོའི་རིང་ཀྲའོ་ཡུང་ཁའང་གི་དབང་ཤུགས་དང་འབྲེལ་བ་ཡོད་པའི་ཁེ་གཉེར་ལས་ཁང་དང་། མི་སྒེར་མང་པོ་ཞིག་ལ་ལྐོག་ཟའི་ནག་ཉེས་བཙུགས་ཡོད་པ་དང་། འགའ་ཤས་སྲོག་ཐོག་ཏུ་ཡང་བཏང་ཟིན་ཡོད་ནའང་གནད་དོན་དབྱེ་ཞིབ་པ་ཚོས་གསུང་ན། ཞེ་ཅིན་ཕེན་གྱིས་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་ཀྱི་ལས་འགུལ་དེ་དག་གཞུང་འཛིན་དམར་ཤོག་ཚོགས་པའི་ནང་ཤོག་ཁག་ཕན་ཚུན་དབར་འཐེན་འཁྱེར་གྱི་ནང་ཁུལ་ཆབ་སྲིད་འཐབ་རྩོད་ཡིན་པ་འགྲེལ་བརྗོད་གནང་གི་ཡོད་པ་རེད།
ལོ་གྲངས་༧༡ལ་སླེབས་པའི་ཀྲའོི་ཡུང་ཁའང་ནི་འདས་པའི་ལོ་བཅུའི་དུས་ཡུན་དེའི་རིང་རྒྱ་ནག་ནང་གི་སྲིད་དོན་པ་དབང་ཤུགས་ཆེ་ཤོས་དེ་ཆགས་ཡོད་པར་ཡོངས་གྲགས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོ་པས་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ཀྱི་འགོ་གཙོ་བྱས་པའི་རིང་བོད་མི་དང་ཡུ་གུར་མི་རིགས་ཐེ་བའི་གྲངས་ཉུངས་མི་རིགས་ཚོའི་ཐོག་དམ་བསྒྲགས་དང་རྡུང་རྡེག་ཧ་ལས་པའི་ཆེན་པོ་བཏང་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2014-07-29

རྒྱ་ནག་གཞུང་གིས་གཟའ་མིག་དམར་ཉིན་དེ་སྔོན་དབང་ཤུགས་ཆེ་བའི་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ཀྱི་འགོ་གཙོ་ཟུར་པ་ཀྲའུ་ཡུང་ཁང་ཐོག་ལྐོག་ཟའི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་ཀྲའོ་ཡུང་ཁའང་གིས་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་འགལ་འཛོལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་འཇུག་བྱ་རྒྱུ་ཐག་གཅོད་བྱས་པ་རེད་ཅེས་དང་། ཞིབ་འཇུག་དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་དཔྱོད་ལྷན་ཁང་གིས་ཚོགས་པའི་རྩ་ཁྲིམས་དང་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་ལུགས་གཞིར་བཟུང་གཉེར་རྒྱུ་ཡིན་སྐོར་བཀོད་ཡོད་པ་རེད།
ཀྲའོ་ཡུང་ཁའང་ ནི་འདས་པའི་ལོ་བཅུའི་དུས་ཡུན་དེའི་རིང་རྒྱ་ནག་ནང་གི་སྲིད་དོན་པ་དབང་ཤུགས་ ཆེ་ཤོས་དེ་ཆགས་ཡོད་པར་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཁོ་པས་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ཀྱི་འགོ་གཙོ་བྱས་པའི་རིང་བོད་མི་དང་ཡུ་གུར་མི་རིགས་ཐེ་བའི་གྲངས་ཉུངས་མི་རིགས་ཚོའི་ཐོག་དམ་བསྒྲགས་་དང་རྡུང་རྡེག་ཧ་ལས་པའི་ཆེན་པོ་བཏང་ཡོད་པ་རེད། ཀྲའོ་ཡུང་ཁའང་བཟང་བཙོན་འོག་ཡོད་པའི་གནས་ཚུལ་ཐོན་ཏེ་ཟླ་ བ་མང་པོ་འགྲོ་གི་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་ཁོ་པའི་ཐོག་ཞིབ་དཔྱོད་བྱ་རྒྱུ་ཡིན་པའི་སྐོར་ གྱི་གནས་ཚུལ་སྤེལ་བ་ད་རེས་ཐོག་མ་དེ་ཡིན་པ་རེད།  རྒྱ་ནག་གི་སྲིད་འཛིན་ཤི་ཇིན་པིང་གིས་རྒྱ་ནག་ནང་གི་ལྐོག་ཟའི་བྱ་སྤྱོད་ལ་ གདོང་ལེན་ནན་པོ་བྱ་རྒྱུའི་སྲིད་ཇུས་ཀྱི་འོག་འདས་པའི་ཟླ་བ་མང་པོའི་རིང་ཀྲའོ་ཡུང་ཁའང་གི་དབང་ཤུགས་དང་འབྲེལ་བ་ཡོད་པའི་ཁེ་གཉེར་ལས་ཁང་དང་མི་སྒེར་མང་པོ་ཞིག་ལ་ལྐོག་ཟའི་ནག་ཉེས་བཀལ་ཟིན་ཞིང་། འགའ་ཤས་སྲོག་ཐོག་ཏུ་ཡང་བཏང་ཟིན་པ་རེད། ཀྲའོ་ཡུང་ཁའང་ནི་དེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཁང་གི་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས་ཚོགས་མིའི་གྲས་ཤིག་ཡིན་ཞིང་། ཕྱི་ལོ་ ༢༠༡༢ ལོར་རྒས་ཡོལ་དུ་ཕྱིན་པ་ཞིག་ཡིན་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎