རྒྱ་ནག་གཞུང་ལ་༧སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་བྱེད་དབང་མེད་པ་ཨ་རིའི་གཞུང་གིས་མི་སྣས་གསུངས་པ།

2019-11-21
གློག་འཕྲིན།
མཆན།
Share
པར་བཀོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྐུ་ཞབས་སམ་སྦརའོན་སྦེཀ་མཆོག་ལ་བཀའ་འདྲི་ཞུ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྐུ་ཞབས་སམ་སྦརའོན་སྦེཀ་མཆོག་ལ་བཀའ་འདྲི་ཞུ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་ སམ་སྦརའོན་སྦེཀ་Sam Brownback མཆོག་གིས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་པའི་ཐོབ་ཐང་རྩ་བ་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅར་འདྲིའི་ལེ་ཚན་ཞིག་གི་ཐོག་གསུངས་ཡོད་པ་རེད།

སྐུ་ཞབས་ སམ་སྦརའོན་སྦེཀ་མཆོག་ཕྱི་ཟླ་ ༡༠ ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཤིང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁོང་རྡ་སར་ཕེབས་དོན་གཙོ་བོ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་གནད་དོན་ཐད་བཀའ་བསྡུར་ཞུ་ཆེད་དང་ཨ་མི་རི་ཀའི་གཞུང་གི་ལངས་ཕྱོགས་གསལ་སྟོན་གནང་ཆེད་ཡིན་པ་གསུངས་ཡོད་པ་རེད། སྐུ་ཞབས་སྦརའོན་སྦེཀ་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུའི་ཡང་སྲིད་ཀྱི་གནད་དན་འདི་ནི་འགག་རྩའི་གནད་དོན་ཞིག་ཡིན་པའི་ཁར། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐོབ་དབང་ཡོད་ལུགས་བརྗོད་བཞིན་ཡོད་པ་རེད་ཅེས་དང་། འོན་ཀྱང་དོན་དངོས་སུ་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་བའི་ཐོབ་ཐང་ནི་བོད་ཀྱི་ནང་པ་ཚོར་ཡོད་པ། ཆོས་ལུགས་ཀྱི་སྲོལ་རྒྱུན་གཞིར་བཟུང་ལག་བསྟར་དགོས་པ་ལས་རྒྱ་ནག་དམར་པོའི་གཞུང་ལ་འདིའི་ཐད་ཐེ་བྱུས་བྱེད་པའི་ཐོབ་དབང་རྩ་བ་ནས་མེད་པ་དེ་ཨ་རིའི་གཞུང་གི་ལངས་ཕྱོགས་ཡིན་པ་གསལ་སྟོན་ཞུས་པ་ཡིན་ཞེས་གསུངས་ཡོད་པ་རེད།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་སྦརའོན་སྦེཀ་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོ་སྣང་དགོས་པའི་གནད་དོན་ཞིག་ཏུ་འགྱུར་ཐབས་དགོས་པ་ཕྱི་ཟླ་ ༡༠ ནང་གསུངས་ཤིང་། ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། རྒྱལ་ཁབ་མང་པོ་ཞིག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ཐུགས་འཁུར་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ནང་གནད་དོན་འདིིའི་ཐད་གྲོས་ཆོད་ཞིག་འབྱུང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་བཀའ་ལན་གནང་ཡོད་པ་རེད། འོན་ཀྱང་བརྒྱུད་ལམ་གང་ཞིག་གི་ཐོག་ནས་གནང་མིན་གསལ་བཤད་གནང་མེད་པ་རེད།

བལ་ཡུལ་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་སོགས་དང་མཇལ་འཕྲད་སྐབས་ཨ་རིའི་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོའི་གནས་བབས་ཐད་ཐུགས་འཚབ་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་དང་བལ་ཡུལ་དབར་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཆིངས་ཡིག་འཇོག་རྒྱུར་གྲོས་བསྡུར་བྱེད་བཞིན་པ་དེའི་སྐོར་བལ་ཡུལ་གྱི་དཔོན་རིགས་ཚོར་བཀའ་མོལ་ཞུས་པ་གསུངས་ཤིང་། ཁོང་གིས་བལ་ཡུལ་གྱི་དཔོན་རིགས་ཚོར་ཨ་རིའི་གཞུང་གི་ངོས་ནས་བལ་ཡུལ་གཞུང་དང་རྒྱ་ནག་གཞུང་དབར་དེ་ལྟ་བུའི་ཆིངས་ཡིག་འཇོག་རྒྱུར་འགག་བྱ་ཤུགས་ཆེ་ཡོད་པ་འགྲེལ་བརྗོད་གནང་ཐོག། ཉེས་ཅན་པ་རྩིས་སྤྲོད་ཀྱི་ཆིངས་ཡིག་དེ་བརྒྱུད་བལ་ཡུལ་གཞུང་གིས་བོད་མི་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྲིད་ལ། བོད་མི་དེ་དག་གི་གནས་བབས་ཇི་ཆགས་ཚོད་དཔག་མི་ཐུབ་པ་ཞིག་ཆགས་རྒྱུ་ཡིན་པ་གསལ་བཤད་གནང་འདུག་ལ། བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་ཆོས་ཕྱོགས་ཀྱི་འདུ་འཛོམས་བྱེད་པའི་རང་དབང་ཆ་ཚང་ཡོད་དགོས་པ་གསུངས་པ་དང་སྦྲགས། བལ་ཡུལ་ནི་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གནས་ཤིང་། ཕྱོགས་གཉིས་ཀའི་ངོས་ནས་གནོན་ཤུགས་ཇེ་ཆེར་འབྱུང་བཞིན་པ་དང་། ལྷག་པར་དུ་བལ་ཡུལ་ཐོག་རྒྱ་ནག་གི་གནོན་ཤུགས་ཧ་ལས་པའི་ཆེན་པོ་ཡོད་པ་ངོས་འཛིན་གནང་ཡོད་པ་རེད།

སྐུ་ཞབས་སམ་སྦརའོན་སྦེཀ་མཆོག་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་འབྲེལ་མཐུད་དམིགས་བསལ་སྐུ་ཚབ་བསྐོ་བཞག་བར་སྐབས་གསར་བསྐོ་མ་གནང་པ་དེ་རིང་མིན་བསྐོ་བཞག་འབྱུང་མིན་ཐད་བཀའ་འདྲི་ཞུས་སྐབས། དེའི་སྐོར་བཀའ་གསལ་པོ་གནང་མེད་ཀྱང་། ཁོང་གིས་བར་སྐབས་བོད་ཀྱི་གནད་དོན་ཐད་ཨ་རིའི་གྲོས་ཚོགས་ནང་ཞུ་གཏུག་ཀྱི་ལས་དོན་ཉུང་དུ་ཕྱིན་པའི་རྣམ་པ་ཡོད་ཀྱང་། ད་ཆ་སླར་ཡང་བོད་ཀྱི་གནད་དོན་ཐད་གྲོས་ཚོགས་ནང་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་དེ་ནི་ཧ་ཅང་གི་གལ་འགང་ཆེན་པོ་ཡིན་པ་གསུངས་ཤིང་། ཁོང་གིས་ཨ་རིའི་གཞུང་གི་ངོས་ནས་བོད་ནང་གི་བོད་མིའི་གནད་དོན་ཐད་མུ་འཐུད་ཐུགས་འཁུར་བཞེས་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།