རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་མཇུག་འབྲས་ངན་པ་ཡོང་གི་རེད། ཨ་རིའི་སྲིད་འཛིན་གྱིས།

2021-02-17
Share
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་མཇུག་འབྲས་ངན་པ་ཡོང་གི་རེད། ཨ་རིའི་སྲིད་འཛིན་གྱིས། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Biden)མཆོག 02/16/21
Reuters

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེར་མཇུག་འབྲས་ངན་པ་ཡོང་གི་རེད་ཅེས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་གསུངས་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ཡུགུར་མི་རིགས་ས་ཡ་ལྷག་ཟུར་བཀག་བྱས་ནས་བཟང་བཙོན་ལྟ་བུར་བཞག་ཡོད་པའི་བྱ་སྤྱོད་ལ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་སྐྱོན་བརྗོད་ཞུ་བཞིན་པ་སོགས་ཀྱི་ཐད། ཨ་རིའི(CNN)བརྙན་འཕྲིན་ལས་ཁང་གིས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Biden)མཆོག་ལ་བཀའ་འདྲི་ཞུས་པའི་ལན་དུ། ཨ་རིའི་སྲིད་འཛིན་མཆོག་གིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེར་མཇུག་འབྲས་ངན་པ་ཡོང་གི་རེད་ལ། སྲིད་འཛིན་ཞི་ཅིན་ཕིང་གིས་ཤེས་ཀྱི་ཡོད་པ་རེད། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་ཐབས་སུ་རྒྱལ་སྤྱི་དང་ལྷན་དུ། འཕྱར་གྲུ་མཉམ་འདེགས་ཞུ་རྒྱུར་དམ་བཅའ་བརྟན་པོ་ཡོད་ཅེས་བསྐྱར་བཤད་གནང་འདུག
དེ་བཞིན་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)མཆོག་གིས། རྒྱ་ནག་གཞུང་གིས་རང་ཉིད་རྒྱལ་སྤྱིའི་དབུ་ཁྲིད་ཞིག་བྱ་ཐབས་སུ། འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ལ་རྒྱལ་ཁབ་གཞན་གྱིས་རྒྱ་ནག་ལ་ཡིད་ཆེས་སླེབས་ཐབས་སུའང་ཐབས་ཤེས་བྱ་བཞིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོལ་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་དེ་ཚོ་མཚམས་འཇོག་མ་བྱས་པར། འཆར་སྣང་དེ་སྒྲུབ་ཐབས་ཡོད་པ་མ་རེད་ཅེས་གསུངས་འདུག
ཉེ་ལམ་ཨ་རིའི་སྲིད་འཛིན་(Biden)མཆོག་གིས་ཚོུད་གཉིས་ཙམ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་ཞལ་པར་ཐོག་བཀའ་མོལ་གནང་བའི་སྐབས། ཨ་མི་རི་ཀའི་ངོས་ནས་གལ་གནད་ཆེ་ཤོས་དེ་ནི། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གནད་དོན་དེ་རང་དབང་དང་གུ་ཡངས་ཀྱི་ངོ་བོ་མི་ཉམས་རྒྱུད་འཛིན་གཅེས་སྲུང་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་ཡོད་འདུག དེ་བཞིན་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གིས་དྲང་བདེན་མིན་པའི་ཚོང་ལས་གཉེར་བ་དང་། ཤིན་ཅང་དང་ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཡང་གླེང་སློང་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།