རྒྱ་ནག་གིས་བལ་ཡུལ་ལ་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་བ།

རྒྱ་ནག་གཞུང་གིས་བལ་ཡུལ་ལ་དཔལ་འབྱོར་དང་ཚོང་དོན་གྱི་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག་
2009-12-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་བལ་ཡུལ་ལ་དཔལ་འབྱོར་དང་ཚོང་དོན་གྱི་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག་

བལ་ཡུལ་གྱི་སྲིད་བློན་ནས་རེས་གཟའ་མིག་དམར་ཉིན་བལ་ཡུལ་གཞུང་གིས་ཡུལ་དེའི་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཇུག་རྒྱུ་མིན་པ་ཕྱིར་བསྒྲགས་བྱས་པའི་རྗེས་ད་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་བལ་ཡུལ་ལ་དཔལ་འབྱོར་དང་ཚོང་དོན་གྱི་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཁས་ལེན་བྱས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་འདུག     རྒྱ་ནག་གཞུང་གིས་བལ་ཡུལ་ནང་གློག་ཁང་འཛུགས་སྐྲུན་དང་འཕྲོད་བསྟེན་ སློབ་གསོའི་ལས་གཞི་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོག་རོགས་སྐྱོར་བྱ་རྒྱུ་མ་ཟད་དེ་མིན་སྒོ་ཁྲལ་ཉུང་དུ་གཏོང་རྒྱུ་སོགས་རོགས་རམ་གྱི་ལས་དོན་མང་པོ་ཞིག་སྤེལ་རྒྱུ་ཁས་ལེན་བྱས་པའི་སྐོར་ཡུལ་གཉིས་ཐུན་མོང་ཐོག་སྤེལ་བའི་གསལ་བསྒྲགས་ཐོག་འཁོད་ཡོད་པ་རེད་ བལ་ཡུལ་གྱི་སྲིད་བློན་དེང་སྐབས་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་པ་དང་གཟའ་ལྷག་པའི་ཉིན་པེ་ཅིན་དུ་རྒྱ་ནག་གི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་དང་མཇལ་མོལ་གནང་ཡོད་ཅིང་།  དེ་ནི་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ནང་གི་རྒྱལ་དོན་འཚམས་གཟིགས་ཀྱི་ཉིན་མཐའ་མ་དེ་ཡིན་དེ་ཡིན་པ་རེད་ ད་རེས་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ཏུ་ཕེབས་ཡས་དང་ད་ལོ་ཕྱི་ཟླ་ལྔ་པའི་ནང་བལ་ཡུལ་གྱི་སྲིད་བློན་ནས་སྲིད་དབང་འཛིན་པའི་རྗེས་རྒྱ་ནག་ནང་ཕེབས་ཐེངས་ཐོག་མ་དེ་ཡིན་པ་དང་གཟའ་མིག་དམར་ཉིན་བལ་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་གཉིས་མཇལ་མོལ་གནང་བའི་སྐབས་བལ་ཡུལ་གྱི་སྲིད་བློན་ནས་བལ་ཡུལ་གཞུང་གིས་ཐའེ་ལྦན་དང་བོད་དེ་བཞིན་རྒྱ་ནག་གི་ཁོངས་གཏོགས་ཡིན་པར་ཡིད་ཆེས་ཁས་ལེན་གནང་གི་ཡོད་པ་དང་དེར་བརྟེན་བལ་ཡུལ་གཞུང་གིས་བལ་ཡུལ་གྱི་ས་ཁོངས་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་བཅུག་རྒྱུ་མིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད་། 

མཆན། (0)
Share
དྲ་གནས་ཆ་ཚང༌།