བོད་དོན་བདེན་སྐྱབས་ལྟེ་གནས་ཁང་གིས་རྒྱ་གཞུང་ལ་སྐྱོན་བརྗོད།

རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་རྣམས་གནས་སྤོ་བྱེད་བཅུག་གི་ཡོད་པ་དེར་བོད་དོན་བདེན་སྐྱབས་ལྟེ་གནས་ཁང་གིས་སྐྱོན་བརྗོད།

2009.08.29

༄༅༎རྒྱ་ནག་གཞུང་གིས་བོད་བྱང་ཕྱོགས་མགོ་ལོག་ཏུ་ཡོད་པའི་འབྲོག་པ་རྣམས་དམིགས་བསལ་གསར་རྒྱག་བྱས་པའི་གཏན་འཇགས་སྡོད་སྒར་ཁག་ཏུ་གནས་སྤོ་བྱེད་བཅུག་གི་ཡོད་པ་དེར་བོད་དོན་བདེན་སྐྱབས་ལྟེ་གནས་ཁང་གིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

དེ་ཡང་བདུན་ཕྲག་འདིའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་བོད་ཀྱི་མགོ་ལོག་མངའ་ཁུལ་དུ་ཡོད་པའི་འབྲོག་པ་སྟོང་ཕྲག་ལྔ་བཅུ་ཙམ་ཞིག་གཞུང་གིས་གསར་རྒྱག་བྱས་པའི་གཏན་འཇགས་སྡོད་སྒར་ཞིག་ཏུ་གནས་སྤོ་བྱས་ཚར་ཡོད་སྐོར་དང་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་མངའ་ཁུལ་དེར་ཡོད་པའི་རྩ་ཐང་རྣམས་སྲུང་སྐྱོབ་བྱ་རྒྱུའི་ཆེད་ཡིན་ལུགས་བཤད་ཡོད་པ་དེ་ལྟར་ཡང་ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་སྦ་ཀ་ལི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བོད་དོན་བདེན་སྐྱབས་ལྟེ་གནས་ཁང་གི་སྐུ་ཞབས་ཇོན་ཨི་སོམ་ཡིས་གསུངས་བར་བྱས་ན་བོད་པའི་འབྲོག་པ་རྣམས་བཙན་ཤེད་ཀྱི་ཐོག་ནས་གནས་སྤོ་བྱེད་བཅུག་པ་དེ་ནི་བོད་མིའི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་རྩ་མེད་གཏོང་ཐབས་དང་བོད་མི་རྣམས་ས་གནས་གཅིག་ཏུ་བཞག་སྟེ་ཁོ་ཚོའི་ཐོག་གཞུང་གིས་སྟངས་འཛིན་བྱེད་བདེ་པོ་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་ལས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དང་འབྲེལ་བ་ཡོད་ལུགས་བཤད་པ་དེ་ནི་བདེན་པ་ཆགས་ཀྱི་མེད་སྐོར་དང་ཡང་ཁོང་གིས་མུ་མཐུད་བོད་པའི་འབྲོག་པ་རྣམས་ནི་མི་རབས་ནས་མི་རབས་རྒྱུད་ས་མཐོའི་རྩ་ཐང་དུ་དུད་འགྲོ་སེམས་ཅན་འཚོ་སྐྱོང་གིས་འཚོ་བ་བསྐྱེལ་མཁན་ཡིན་པ་ལས་ས་གནས་གཅིག་ཏུ་གཏན་སྡོད་ཀྱིས་ས་ཞིང་འདེབས་ལས་དང་ཚོང་གི་ལས་དོན་གཉེར་བའི་ཉམས་མྱོང་དང་གོམས་གཤིས་མེད་མཁན་ཤ་སྟག་ཡིན་དུས་རྒྱ་ནག་གགི་བྱེད་སྟངས་དེ་ནི་བོད་པའི་དམིགས་བསལ་ཁྱད་ཆོས་རྣམས་རིམ་པས་མེད་པ་བཟོས་ཏེ་བོད་མི་རྣམས་རྒྱ་ནག་གཞུང་གི་རོགས་བསྐྱོར་ཁོ་ནར་རྟེན་དགོས་པ་བཟོ་རྒྱུར་དམིགས་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎