རྒྱ་ནག་གིས་ཨ་མི་རི་ཀའི་ནང་མ་རྩ་འཛུགས་འཇོག་གི་དངུལ་འབབ་ཕོན་ཆེན་མར་ཆག་འདུག

2020-05-11
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སའི་ས་འོག་མེ་འཁོར་ནང་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་སྐོར་གྱི་གསར་འགྱུར་ཀློག་བཞིན་པ། ༢༠༡༩།༥།༨
ཨ་རིའི་རྒྱལ་སའི་ས་འོག་མེ་འཁོར་ནང་ཨ་རྒྱ་གཉིས་ཀྱི་ཚོང་དོན་གྲོས་མོལ་སྐོར་གྱི་གསར་འགྱུར་ཀློག་བཞིན་པ། ༢༠༡༩།༥།༨
Lhuboom/RFA

རྒྱ་ནག་གིས་ཨ་མི་རི་ཀའི་ནང་ཚོང་གི་མ་རྩ་འཛུགས་འཇོག་གི་དངུལ་འབབ་དེ་སྔོན་ཕྱི་ལོ་ ༢༠༠༩་ལོར་འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཤུགས་ཆེ་བྱུང་བའི་དུས་སྐབས་དེ་ནས་ད་བར་དངུལ་འབབ་ཉུང་ཤོས་ཆགས་ཡོད་འདུག
རྒྱ་ནག་གིས་ཨ་མི་རི་ཀའི་ནང་ཚོང་གི་མ་རྩ་འཛུགས་རྒྱུ་ཉུང་དུ་ཕྱིན་པ་དེ་ནི། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གནས་བབས་དེ་འཁོན་འཛིན་ཅན་ཞིག་ཡོད་པ་མངོན་གསལ་དང་། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནང་ཚོང་གི་མ་རྩ་འཛུགས་ཕྱོགས་ཐོག་དམ་དྲག་བྱེད་པ་ཞིག་ཀྱང་མངོན་གྱི་ཡོད་པ་རེད། འདི་ཚེས་༡༡་རེས་གཟའ་ཟླ་བ་ཉིན་ཨ་མི་རི་ཀའི་(National Committee on U.S. China Relations)་ཨ་མི་རི་ཀ་དང་རྒྱ་ནག་འབྲེལ་བའི་ཚོགས་ཆུང་ཞེས་པའི་ཚན་པ་དེ་དང་(Rhodium Group)་ཞེས་པའི་ཚོང་གཉེར་ཚན་པ་དེ་གཉིས་ཀྱིས་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ཕྱི་ལོ་ ༢༠༡༩ ་ལོར་རྒྱ་ནག་གིས་ཨ་མི་རི་ཀའི་ནང་ཚོང་གི་མ་རྩ་བཙུགས་པའི་དངུལ་འབབ་དེ་མ་གནས་ཨ་སྒོར་ཐེར་འབུམ་ལྔ་དང་ས་ཡ་བཞི་བརྒྱ་ནས་ཐེར་འབུམ་ལྔ་བར་མར་ཆགས་ཡོད་པ་བཀོད་ཡོད་པ་རེད། ཡིན་ནའང་སྔ་ལོ་ཨ་མི་རི་ཀས་རྒྱ་ནག་ནང་ཚོང་གི་མ་རྩའི་དངུལ་འབབ་དེ་ཨ་སྒོར་ཐེར་འབུམ་བཅུ་གསུམ་ནས་བཅུ་བཞི་བར་ཡར་འཕར་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་པར་ཆ་བཞག་ན་ཡང་རྒྱལ་ཁབ་གཉིས་བར་གྱི་ཚོང་ཐོག་མ་རྩ་འཛུགས་པའི་དངུལ་འབབ་དེ་ལོ་ངོ་བདུན་ནང་དངུལ་འབབ་ཉུང་ཤོས་ཆགས་ཡོད་པ་གོང་ཞུས་སྙན་ཐོའི་ནང་བཀོད་འདུག
གོང་ཞུས་ཚོང་ཐོག་མ་རྩ་འཛུགས་འབབ་དེ་ནི། ལས་ཁུངས་དང་བཟོ་གྲྭ་ཁག་མཁོ་སྒྲུབ་དང་། ཁེ་གཉེར་ལས་ཁང་ཁག་མཉམ་བསྡུས་དང་མཁོ་སྒྲུབ་ཀྱི་དངུལ་འབབ་ལས་དེའི་ནང་མ་ཤེར་དང་དངུལ་བུན་གཏོང་འཛིན་ལ་སོགས་པ་ཚུད་མེད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།