རྒྱ་ནག་དེ་དམག་དོན་འགྲོ་གྲོན་གཏོང་མཁན་ཆེ་ཤོས་གཉིས་པ།

རྒྱ་ནག་གི་ཡུལ་དེ་འཛམ་གླིང་ནང་དྲག་པོའི་གོ་མཚོན་ཐོག་འགྲོ་གྲོན་གཏོང་མཁན་ཆེ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་ཞིབ་འཇུག་གནང་འདུག

2009.06.08

༄༅༎རྒྱ་ནག་གི་ཡུལ་དེ་འཛམ་གླིང་ནང་དྲག་པོའི་གོ་མཚོན་ཐོག་འགྲོ་གྲོན་གཏོང་མཁན་ཆེ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་སུད་ཌེན་ཡུལ་གྱི་ཞི་བདེའི་ཐོག་ཞིབ་འཇུག་གནང་མཁན་གྱི་ཚན་པ་ཞིག་གིས་གསུངས་འདུག

སུད་ཌེན་གྱི་སི་ཀྲོག་ཧོམ་ཞི་བདེའི་ཐོག་ཞིབ་འཇུག་གནང་མཁན་གྱི་བསྟི་གནས་དེས་རྒྱ་ནག་གིས་སྔ་ལོ་དྲག་པོའི་ཐོག་འགྲོ་གྲོན་དེ་བརྒྱ་ཆ་བཅུ་ཡིས་སྤར་ཆ་བྱས་ནས་འགྲོ་གྲོན་ཨ་རིའི་ཌོ་ལར་འཐེར་འབུམ་༨༥ཙམ་བཏང་བ་དེས་ཡུལ་དེ་འཛམ་གླིང་གི་རྒྱལ་ཁབ་ཁོངས་ནས་དྲག་པོའི་ཐོག་འགྲོ་གྲོན་གཏོང་མཁན་གྱི་ཡུལ་གཉིས་པ་ཆགས་ཀྱི་ཡོད་སྐོར་གསུངས་འདུག གོང་ཞུས་ཞིབ་འཇུག་གི་བསྟི་གནས་དེས་རྒྱ་ནག་གིས་རྒྱལ་ནང་དང་ཕྱིའི་རྒྱལ་ཁབ་ཁག་ནས་གོ་མཚོན་མཁོ་སྒྲུབ་བྱས་ནས་ཡུལ་གྱི་དྲག་པོའི་དཔུང་དམག་དེ་དེང་རབས་ཀྱི་དམག་ཐབས་སྤེལ་ཐུབ་པའི་ནུས་པ་ཞིག་ཏུ་འགྱུར་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་འདུག ཡིན་ནའང་ཨ་མི་རི་ཀའི་ཡུལ་དེ་འཛམ་གླིང་གི་ཡུལ་ཁག་ནང་ནས་དྲག་པོའི་ཐོག་འགྲོ་གྲོན་གཏོང་མཁན་གྱི་ཡུལ་དང་པོ་དེ་ཡིན་པ་དང་ཨ་མི་རི་ཀས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་དྲག་པོའི་ཐོག་ཨ་རིའི་ཌོ་ལར་འཐེར་འབུམ་༦༠༨སྐོར་ཞིག་བཏང་ཡོད་པ་རེད། དེ་ནས་ཨང་གསུམ་པ་དེ་ཕེ་རན་སི་དང་དེ་ནས་དབྱིན་ཡུལ་དེ་རྗེས་ར་ཤི་ཡ་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎