རྒྱ་ནག་དང་འབྲུག་བར་གཞུང་འབྲེལ་འབྲེལ་བ་འཛུགས་འཆར།

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་འབྲུལ་ཡུལ་དང་གཞུང་འབྲེལ་འབྲེལ་བ་འཛུགས་རྒྱུའི་མོས་མཐུན་གནང་ཡོད་པའི་སྐོར་གསུངས་ཡོད་པ་རེད།

2012.06.22

༄༅༎རྒྱ་ནག་དང་འབྲུག་ཡུལ་དབར་གཞུང་འབྲེལ་འཛུགས་འདོད་ཡོད་པ་ལྟར། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་འགྲེལ་བརྗོད་བྱས་ཏེ་ད་ཕན་འབྲུག་ཡུལ་དང་རྒྱ་ནག་དབར་ས་མཚམས་ཀྱི་དཀའ་ངལ་གནས་བཞིན་པ་དེ་ཚོ་སེལ་འདོད་ཡོད་པའི་སྐོར་དང་ལྷག་དོན་དུ་ཡུལ་གྲུ་གཉིས་དབར་གཞུང་འབྲེལ་འབྲེལ་བ་འཛུགས་རྒྱུའི་མོས་མཐུན་གནང་ཡོད་པའི་སྐོར་གསུངས་ཡོད་པ་རེད།

དེའང་རྒྱ་ནག་གི་སྲིད་བློན་དབོན་ཅའ་བྷའོ་དང་འབྲུག་ཡུལ་གྱི་སྲིད་བློན་འཇིགས་མེད་འཕྲིན་ལས་རྣམ་གཉིས་ཀྱི་དབར་གཟའ་ཕུར་བུའི་ཉིན་རིཨོ་ཌི་ཇ་ནེ་རོའོ་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོན་སྐྱེད་འཛུགས་བསྐྲུན་ལྷན་འཚོགས་སར་ཟུར་མཇལ་ཐོག་གོང་གསལ་ཡུལ་གྲུ་གཉིས་ཀྱི་དབར་གཞུང་འབྲེལ་གྱི་འབྲེལ་འཛུགས་རྒྱུའི་དགོངས་མཐུན་བྱུང་ཡོད་པ་རེད།

རྒྱ་ནག་གི་ཕྱོགས་ནས་དགོངས་ཚུལ་གསུང་པར་འབྲུག་ཡུལ་དང་གཞུང་འབྲེལ་འཛུགས་རྒྱུའི་ཐད། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་དང་བོད་གཉིས་ཀ་རྒྱ་ནག་གི་ཆ་ཤས་མངའ་འོག་ཡིན་པའི་རྒྱ་ནག་གཅིག་གི་ངོ་བོར་འབྲུག་ཡུལ་གྱི་ཕྱོགས་ནས་རྒྱབ་སྐྱོར་གནང་གི་ཡོད་པར་མངགས་བརྗོད་དང་རྒྱ་ནག་གིས་འབྲུག་ཡུལ་དང་གཞུང་འབྲེལ་གང་མགྱོགས་འཛུགས་འདོད་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།    དེའི་ཐད་འབྲུག་ཡུལ་གྱི་ཕྱོགས་ནས་ཀྱང་རྒྱ་ནག་དང་གཞུང་འབྲེལ་བརྟན་པོ་བཟོ་རྒྱུའི་འདུན་པ་ཡོད་ལུགས་གསུངས་ཡོད་པ་རེད།

དེ་སྔོན་སྤྱི་ལོ་༡༩༥༠ནང་རྒྱ་ནག་གིས་བོད་ནང་དབང་འཛུལ་བྱས་པའི་སྐབས་འབྲུག་ཡུལ་གྱིས་རྒྱ་གར་དང་མཐུན་ལམ་བཟང་པོའི་སྒོ་ནས་བོད་ཀྱི་གནད་དོན་ཐད་བལྟ་སྤྱོད་འཁྲེགས་བཟུང་གིས་རྒྱ་ནག་དང་འབྲེལ་བ་དེ་ཙམ་བཟང་པོ་མེད་ཀྱང་ད་ཆ་འགྱུར་ལྡོག་གིས་ས་མཚམས་སོགས་ཀྱི་འགྲིག་འཇགས་བཀའ་བསྡུར་ཡོང་རེ་གནང་གི་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎