ངལ་རྩོལ་བསྒྱུར་བཀོད་ཐད་དོ་སྣང་དང་རྩོད་གླེང་ཆེ་བ།

དེང་སང་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་ཐོག་ཁྲིམས་དོན་ཁྱབ་ཁོངས་ཀྱི་དཔོིན་རིཊ་དང་མཁས་པ་སོཊ་ཀྱིས་དོ་སྣང་དང་རྩོད་གླེང་ཤུཊ་ཆེར་ཡོང་གི་ཡོད་པ་རེད་འདུག

2012.12.19

རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན་ལྟར་ན།  རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུཊ་ཐོག་དོ་སྣང་དང་རྩོད་གླེང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གྲོང་སྡེའི་དཔོན་རིཊ་སློབ་གྲྭ་ཆེན་མོ་བ་རིན་ཅན་ཡིའུ་ཡིས་དབང་ཆ་གཅིག་སྡུད་པ་ཕམ་པར་རྒྱག་དགོས།  དམངས་གཙོ་ཁྲི་ལོར་ཤོག་སོཊ་ཀྱི་བརྗོད་ཚིག་ཁྱབ་བསྒྲཊ་བྱས་པའི་རྐྱེན་གྱིས་ཁོང་ལ་ལོ་གཉིས་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ལ། ཁོང་ནི་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་གྲངས་ལས་འདས་པའི་ངལ་རྩོལ་བསྒྱུར་བཀོད་འོག་བཅུག་ཡོད་པའི་ནང་གི་མི་སྣ་གཅིག་ཡིན་སྐོར་བཀོད་འདུག

རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་འོག་མི་གྲངས་ཁྲི་ཕྲག་མང་པོར་ཡོངས་གྲགས་ཁྲིམས་དཔྱོད་མ་ཡིན་པའི་ཐོག་ནས་བཙོན་འོག་ཏུ་བཅུག་ཡོད་པ་དང་།  དེ་དག་ཁྲོད་དུ་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་དང་། ཞུ་གཏུག་མཁན། ཡེ་ཤེས་ཆོས་སྤེལ་མཁན།  སྤྱི་ཚོཊ་ཁྲོད་རྙོག་དྲ་བཟོ་མཁན་སོཊ་འདུས་ཡོད་ཅིང་། བསྡོམས་པས་མི་གྲངས་ཆིག་འབུམ་དགུ་ཁྲི་ཙམ་ངལ་རྩོལ་བསྒྱུར་བཀོལ་འོག་ཡོད་པས་རྒྱ་ནག་ནི་འཛམ་གླིང་སྟེང་གི་བཙན་དབང་འོག་ངལ་རྩོལ་བསྒྱུར་བཀོལ་ལམ་ལུཊ་ཆེ་ཤོས་དེ་ཡིན་འདུག

ད་ལྟའི་ཆར་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོལ་ལམ་ལུཊ་ཐོག་གུང་ཁྲན་ཚོཊ་པའི་ཕྱི་ནང་གཉིས་ཀ་ནས་ངོ་རྒོལ་ཤུཊ་ཆེར་བྱུང་བཞིན་ཡོད་ཅིང་།  པེ་ཅིན་བཟོ་བསྐྲུན་རིག་པའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཧུའུ་ཞིན་དིའུ་ཡིས་སྐྱོན་བརྗོད་གནང་དོན་། ད་ནི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུཊ་དེ་མེད་པར་བཟོ་རྒྱུའི་དུས་ལ་བབས་ཡོད། རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུཊ་དེ་ནི་རྩ་ཁྲིམས་དང་འགལ་ཟླར་གྱུར་ཡོད་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་སྤྱི་ཚོཊ་གཏན་ལྷིང་ལ་གནོད་སྐྱོན་ཕོག་གི་ཡོད་པ་ལས་ད་དུང་སྲིད་གཞུང་གི་ཆེ་མཐོང་ལ་གནོད་ཀྱིན་ཡོད་སྐོར་གསུང་འདུག

རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོལ་ལམ་ལུཊ་དེ་ནི་༡༩༥༠ནང་གསར་དུ་བཙུཊ་ཏེ་གྲལ་རིམ་དགྲ་བོ་ཟེར་བ་དང་གསར་བརྗེའི་ངོ་ལོག་པ་ཟེར་བ་དེ་རིཊ་ལ་ཁ་གཏད་དང་ཉེས་ཆད་གཅོད་རྒྱུར་དམིཊ་པ་ཞིག་ཡིོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པ་ནས་གཞུང་གཉེར་སློབ་གྲྭར་བཅུག་པའི་སློབ་ཕྲུག་ཚོ་ཕྱིར་འགྲོ་སྐྱོད་མི་ཆོག་པ་སོགས་བཙོན་པ་ལྟ་བུ་བྱས་ཏེ་སློབ་གྲྭའི་ནང་བཅུག་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎