ཁྲིམས་གཞི་གསར་བའི་དམིཊ་ཡུལ་ནི་༧གོང་ས་མཆོག་དང་འབྲེལ་ལམ་བཀག་རྒྱུ་དེ་རེད།

2017-09-27
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མྭ་ཏིའི་མེ་ཀ་སི་(Matteo Mecacci)
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མྭ་ཏིའི་མེ་ཀ་སི་(Matteo Mecacci)
Lhuboom/RFA

རྒྱ་ནག་གཞུང་གིས་ནུབ་ངོས་གྲངས་ཉུང་ཁ་ཆེའི་ཞིང་ཆེན་ཤིན་ཅང་(Xinjiang)་ནང་དྲག་ལས་དང་ཁ་བྲལ་གྱི་ལས་འགུལ་ལ་དམ་བསྒྲགས་བྱེད་མུས་ཐོག་བོད་ནང་ནང་ཆོས་ཉམས་ལེན་བྱ་རྒྱུར་དམ་བསྒྲགས་བྱ་རྒྱུའི་ཁྲིམས་གཞི་གསར་པ་བཟོས་པར་སྐྱོན་བརྗོད་གནང་འདུག
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༧་ཉིན་གཏན་འབེབས་བྱས་པའི་ཁྲིམས་གཞི་གསར་པའི་ནང་། དགེ་འདུན་པ་དང་བཙུན་མ། དེ་བཞིན་ནང་པའི་མི་སྐྱ་ཚོས་ནང་ཆོས་ཉམས་ལེན་དང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་གཞི་རིམ་ལྟ་གྲུབ་ཟུང་འབྲེལ་དགོས་ལུགས་འཁོད་ཡོད་ཅིང་། དེའི་ཆེད་དུ་གཞུང་གིས་དགོན་སྡེ་ཁག་ལ་ཕྱི་རྒྱལ་ནས་རོགས་སྐྱོར་བཀག་སྡོམ་བྱ་རྒྱུ་མ་ཟད། ཆོས་པ་ཚོས་རྒྱ་ནག་གི་ཕྱི་རོལ་དང་འབྲེལ་ལམ་ཡང་བཀག་རྒྱུ་ཡིན་འདུག
རྒྱ་ནག་གིས་བོད་ནང་ཕྱི་རྒྱལ་གྱི་ཤུགས་རྐྱེན་འགོག་ཐབས་ཀྱི་སྲིད་ཇུས་ཀྱི་དམིགས་ས་གཙོ་བོ་ནི། བོད་ནང་གི་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་ལམ་བཀག་རྒྱུ་དེ་ཡིན་ལུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མྭ་ཏིའི་མེ་ཀ་སི་(Matteo Mecacci)ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་སྐྱོན་བརྗོད་གནང་འདུག ཁོང་གིས་བོད་བརྒྱུད་ནང་པའི་བསྟི་གནས་ལྷོ་ནུབ་རྒྱ་ནག་ཁུལ་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་དེ་གནས་ཚུལ་གསར་པ་མ་རེད། རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ཕྱི་རྒྱལ་གྱི་ཤུགས་རྐྱེན་སྔོན་འགོག་ཆེད་དུ་གཞུང་གིས་ཆོས་ཕྱོཊ་ཀྱི་བྱེད་སྒོར་གཞུང་གི་སྟངས་འཛིན་དགོས་སྐོར་
སྲིད་འཛིན་ཞི་ཅིན་ཕིང་གིས་གཏམ་བཤད་གནང་ཡོད་རེད་ལ་ད་ཆ་ཆོས་དད་རང་དབང་ལ་དེ་བས་ཀྱང་དམ་བསྒྲགས་ཆེ་ཏུ་གཏོང་རྒྱུའི་དམིཌ་ཡུལ་ཡིན་པ་རེད། ཅེས་གསུངས་འདུག
འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་ཉམས་ཞིབ་པ་བགྲེས་པ་མྭ་ཡྭ་ ཝང་(Maya Wang)་གིས། ཁྲིམས་གཞི་གསར་པའི་ནང་གཞུང་འབྲེལ་མ་ཡིན་པའི་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་མི་ཆོག་དང་། མཉམ་བཞུགས་ཀྱང་བྱེད་མི་ཆོག་པ་བཟོས་ཡོད་པ་དང་། ཕྱི་རྒྱལ་ནས་རོཊ་དངུལ་ལེན་རྒྱུར་དམ་བསྒྲགས་ཆེ་ཏུ་བཏང་ཡོད་པ་མ་ཟད། ད་ནས་བཟུང་སློབ་གྲ་ཡང་ཁྲིམས་གཞི་དེའི་ནང་བཅུག་ཡོད་རེད་ཅེས་འགྲེལ་བརྗོད་གནང་འདུག  
ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ཝི་ལིའེམ་ནིའི་(Willaim Nee) ཡིས། ཁྲིམས་གཞི་བསྐྱར་བཅོས་འདིའི་ཤུཊ་རྐྱེན་གཙོ་བོ་ནི་ད་ནས་བཟུང་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཆོས་ཉམས་ལེན་པ་ཚོས་བཀོལ་སྤྱོད་བྱེད་བཞིན་པ་དེ་མཐའ་ཅིག་ཏུ་བཀག་སྡོམ་བྱེད་རྒྱུ་ཡིན་པ་རེད་ཅེས་སྐྱོན་བརྗོད་གནང་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (1)
Share

dipsel

ནས། Russia

Communist one party's power was ruling the government so in a meantime public has no rights to speak out for their human rights. But Publics are not foolish neither blind so communist power misused doesn't work systemically for long run because the Tibetan and Shinchang peoples are not a dull.

Sep 29, 2017 03:12 PM

དྲ་གནས་ཆ་ཚང༌།