བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་གི་དེབ་དབུ་འབྱེད་ལ་རྒྱ་ནག་གིས་གནོན་ཤུགས།

2018-01-08
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོིག་གི་དངོས་པོ་ཀུན་ཀྱི་རང་བཞིན་ཞེས་པའི་མི་ཚེའི་ལོ་རྒྱུས་དེབ་དེ་ཉིད་ཤྲི་ལངྐའི་ནང་གི་སློབ་གཉེར་ཁང་ཞིག་ཏུ་དབུ་འབྱེད་གནང་སྐབས་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་ཡོད་འདུག
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་མཆོག་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་སྐབས་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་པས་ཁོང་ལ་ཁོང་གི་གོང་ཞུས་ལོ་རྒྱུས་ཀྱི་དེབ་དེའི་སྐོར་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་བཀོད་ཡོད་ཅིང་། དེའི་ནང་བཀའ་ཟུར་མཆོག་གིས་ཉེ་ཆར་སྤྱི་ཟླ་༡༢་ཚེས་༦་ཉིན་ཤྲི་ལངྐའི་ནང་གི་Jayawardenepura གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་ཚོགས་འདུ་ཞིག་གི་སར་བཀའ་ཟུར་མཆོག་གི་དེབ་དེ་དབྱིན་ཡིག་ནས་ཤྲི་ལངྐའི་སིན་ཧ་ལིའི་སྐད་ཡིག་ཐོག་ཕབ་བསྒྱུར་རྗེས་འགྲེམས་སྤེལ་ཞུས་ཡོད་པ་མ་ཟད། བཀའ་ཟུར་མཆོག་གི་དཔེ་དེབ་པར་སྐྲུན་བྱེད་མཁན་གྱི་ཚོགས་པས་གདན་ཞུ་ལྟར་ཆེད་དུ་ཡུལ་དེའི་ནང་ཕེབས་ཏེ་ངོ་སྤྲོད་གཏམ་བཤད་ཞུ་སར་བཅར་དུས་ཁོང་ཚོས་གནོན་ཤུགས་ཆེན་པ་འདུག དཀའ་ངལ་འཕྲད་མི་སྲིད་པ་རེད་མི་འདུག གལ་ཏེ་དེ་ལྟར་བྱུང་བ་ཡིན་ན། ང་ཚོས་སྔོན་ནས་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་སྐོར་དང་། དབུ་འབྱེད་མཛད་སྒོ་དངོས་སུ་ཚོགས་སྐབས་དཀའ་ངལ་འདྲ་འཕྲད་མེད་ནའང་། ཕྱིས་སུ་ཁོང་ཚོས་རྒྱ་ནག་གཞུང་གིས་ཁོང་ཚོའི་བདེ་འཇགས་ལས་ཁུངས་སུ་ཡི་གེ་བཏང་སྟེ། དེ་ནི་ཆབ་སྲིད་ཀྱི་ལས་ཀ་རེད། གཙུག་ལག་སློབ་གྲྭའི་ནང་ནང་པའི་ཚོགས་འདུའི་སར་དཔེ་དེབ་དེ་སྒོ་འབྱེད་བྱས་པ་འགྲིག་མི་འདུག་ཅེས་ཡི་གེ་འབྱོར་ཡོད་སྐོར་དང་། གཙུག་ལག་སློབ་གྲྭས་དེབ་དེ་ནི་མི་ཚེའི་དངོས་ཡོད་ལོ་རྒྱུས་རེད། ཆབ་སྲིད་གང་ཡང་མི་འདུག་ཅེས་ལན་འདེབས་བྱས་ཡོད་མ་ཟད། སློབ་གྲྭའི་ནང་ལ་བདེ་འཇགས་ལས་ཁུངས་ནས་གསང་བའི་མི་སྣ་གཉིས་གསུམ་ཡོང་སོང་ཞེས་བརྗོད་ཚུལ་གསུངས་འདུག
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་གི་དེབ་དེའི་ནང་གཙོ་བོ་ཁོང་རང་ཉིད་བོད་ནང་ལོ་༡༢་མ་ཟིན་བར་དུ་སྡོད་སྐབས་འཚོ་བའི་མཐོང་ཐོས་མྱོང་ཚུལ་དང་། རྗེས་སུ་བཙན་བྱོལ་དུ་གྱར་རྗེས་འཚོ་བའི་དཀའ་སྡུག་འཕྲད་ཡོད་ནའང་། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་སློབ་སྤྱོང་གི་གོ་སྐབས་ཐོབ་སྟེ་མི་ཚེའི་མདུན་ལམ་རྙེད་པ་སོགས་ཀྱི་སྐོར་བྲིས་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།