གུང་ཁྲན་ཏང་གིས་ཆོས་ལུགས་ལ་དད་ཞེན་བྱ་མི་ཆོག་པའི་ཉེན་བརྡ།

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གིས་རྒྱ་ནག་ནང་གུང་ཁྲན་ཏང་མི་ཚོས་ཆོས་ལུགས་ལ་དད་ཞེན་བྱ་མི་ཆོག་པའི་ཉེན་བརྡ་བཏང་བ།

2011.12.19

༄༅༎རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་དཔོན་རིགས་ནས་རྒྱ་ནག་ནང་གུང་ཁྲན་ཏང་མི་ཚོས་ཆོས་ལུགས་ལ་དད་ཞེན་བྱ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག
རྒྱ་ནག་གུང་ཁྲན་ཚོག་སཔའི་དབུས་ལྷན་ཁང་གི་དུས་དེབ་ཐོག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་གྱི་རྩོམ་ཡིག་ཅིག་ཆེད་སྤེལ་བྱས་ཡོད་པའི་ནང་ རྒྱ་ནག་གུང་ཁྲན་ཚོགས་མི་ཆོས་ལུགས་དད་ལྡན་པར་འགྱུར་རྒྱུའི་ཉེན་ཚབས་ཡོད་པའི་ཉེན་བརྡ་བཏང་ཡོད་ཅིང་ རྩོམ་ཡིག་དེའི་ནང་ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་སྤྱི་ཚོགས་ཁྲོད་ཆོས་ལུགས་ལ་དད་ཞེན་བྱེད་མཁན་གྱི་མིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་འོག་ དོ་སྣང་བྱེད་དགོས་ཡས་ཤིག་ལ་གུང་ཁྲན་ཚོགས་པའི་ཚོགས་མི་མང་པོ་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་མཉམ་བཞུགས་བྱེད་ཀྱི་ཡོད་པ་དང་ ཐ་ན་གུང་ཁྲན་ཚོགས་མི་ཁག་ཅིག་ཆོས་ལུགས་ཀྱི་རྗེས་འབྲངས་པར་གྱུར་ཡོད་པ་རེད་ ཉེ་བའི་ཆར་ས་གནས་ཁ་ཤས་ཀྱི་དཔོན་རིགས་ནས་ཆོས་ལུགས་ཀྱི་བྱེད་སྒོ་དེ་བཞིན་་དཔལ་འབྱོར་གྱི་ཁེ་ཕན་དང་རང་ཉིད་ཀྱི་མིང་གྲགས་མཐོ་རུ་གཏོང་རྒྱུའི་ལག་ཆར་རྩིས་ཀྱི་ཡོད་པ་མ་ཟད་ དགོན་སྡེ་གསར་རྒྱག་དང་ལྷ་བཞེངས་ནས་དེ་དག་རང་ཉིད་ཀྱི་ལས་དོན་ཀྱི་བྱས་རྗེས་ལ་ངོས་འཛིན་བྱེད་ཀྱི་ཡོ་ད་པ་རེད་ཅེས་དང་ ད་དུང་རྩོམ་ཡིག་དེའི་ནང་སྤྱི་ཚོགས་ཁྲོད་དང་ཐ་ན་རྒྱ་ནག་གུང་ཁྲན་ཚོགས་པའི་ནང་ཁུལ་དུ་ཡང་གུང་ཁྲན་ཚོགས་མི་ཚོས་ཆོས་ལུགས་བྱེད་སྒོའི་ནང་བཞུགས་རྒྱུར་བཀག་སྡོམ་ཕྱིར་བསྡུ་དགོས་རྒྱུའི་སྐད་སྒྲ་སྒྲོག་མཁན་ཡོད་པ་དང་  ཡིན་ནའི་གུང་ཁྲན་ཚོགས་མིས་ཆོས་ལུགས་ལ་དད་ཞེན་བྱེད་ཡས་དེ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་གནས་སྟངས་དང་ཡོངས་སུ་རྒྱབ་འགལ་ཆགས་ཀྱི་ཡོད་ལུགས་འཁོད་ཡོད་འདུག རྩོམ་ཡིག་དེའི་ནང་གུང་ཁྲན་ཚོགས་མིས་ཆོས་ལུགས་ལ་དད་ཞེན་བྱེད་མི་ཆོག་པ་དེ་ནི་གུང་ཁྲན་ཚོགས་པའི་རྩ་འཛིན་ད་བར་རྒྱུད་འཛིན་བྱེད་ཡས་དེ་ཡིན་པ་དང་རྒྱ་ནག་གུང་ཁྲན་ཚོག་སཔའི་དཔོན་རིགས་ནས་དེའི་སྐོར་ལོ་རྒྱུས་ཐོག་གལ་ཆེའི་ཡིག་ཆ་དང་གཏམ་བཤད་ཐེངས་མང་བྱས་ཡོད་ཅིང་ ཉེ་བའི་ཆར་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ནང་ཝུའུ་ཇིང་ཐའོ་ཡིས་བོད་ཀྱི་ལས་དོན་སྐོར་དང་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བའི་ནང་ལ་ཡང་བརྗོད་ཡོད་ལུགས་འཁོད་འདུག་ལ་ ད་དུང་རྩོམ་ཡིག་དེའི་ནང་གལ་སྲིད་གུང་ཁྲན་ཚོགས་མི་ཞིག་གིས་རང་ཉིད་ཀྱི་འགན་འཁྲི་བེད་སྤྱད་ནས་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུར་སྐུལ་སྤེལ་བཏང་ཚེ་ གུང་ཁྲན་ཚོགས་པས་ཚོགས་མི་དེ་ཚོགས་པ་ནས་ཕྱིར་འབུད་བྱ་རྒྱུ་སོགས་ཀྱི་ཐབས་ལམ་འཛིན་དགོས་ལུགས་སོགས་འཁོད་ཡོད་འདུག་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎