བོད་ནང་གི་ཞི་རྒོལ་དེ་རྒྱ་ནག་གིས་གནས་ཚུལ་ཆེ་ཤོས་ཤིག་ལ་རྩིད།

རྒྱ་ནག་གིས་འདི་ལོའི་གནས་ཚུལ་ཆེ་ཤོས་བཅུ་བཏོན་ཡོད་པ་དེ་ཚོའི་ནང་གཅིག་ཕྱི་ཟླ་གསུམ་པའི་བོད་ནང་གི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་ཡིན་པ།

2008.12.30

༄༅༎ཕ་ཡུལ་དྲ་རྒྱའི་ནང་ཕུར་བུ་འཕྲིན་ལས་ལགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན་སྤྱི་ལོ་༢༠༠༨ཀྱི་ལོ་འདི་མཇུག་བསྒྲིལ་ཟིན་འགྲོ་བའི་མཚམས་འདིར་རྒྱ་ནག་གུང་ཁྲན་ཏང་གི་དམར་པོའི་སྲིད་གཞུང་གི་དྲིལ་བསྒྲགས་ཤུགས་ཆེ་བྱེད་མཁན་གྱི་ཤིན་ཧྭ་གསར་འགྱུར་ནང་འདས་པའི་སྤྱི་ལོ་༢༠༠༨ལོའི་གནས་ཚུལ་ཆེ་ཤོས་བཅུ་བཏོན་ཡོད་པ་དེ་ཚོའི་ནང་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་ཐོག་མར་དགེ་འདུན་ཁག་ཅིག་གིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་དགེ་འདུན་པ་དེ་རྣམས་འཇུ་བཟུང་དང་དྲག་གནོན་བྱས་ཡོད་པའི་གནས་ཚུལ་བྱུང་རྗེས་བོད་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དེ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་མོ་རྡུང་བཅོག་བསྲེགས་འཕྲོག་གི་གནས་ཚུལ་དེ་རྒྱལ་ཁབ་ཁ་བྲལ་དང་བོད་རང་བཙན་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཏཱ་ལའི་རུ་ཚོགས་ཀྱིས་སྤེལ་བའི་ལས་འགུལ་དེའི་སར་ཞི་བའི་ཡུལ་མི་བཅོ་བརྒྱད་སྲོག་སྐྱོན་བྱུང་བའི་སྐོར་རྒྱ་ནག་གཞུང་གིས་སྐྱོན་འཛུགས་ཤུགས་ཆེ་བྱས་ཡོད་པ་རེད། འདས་པའི་ལོ་ཉི་ཤུའི་ནང་ད་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་ས་ཁུལ་རྒྱ་ཁབ་ཀྱི་ནང་བྱུང་བའི་གནས་ཚུལ་ཚབས་ཆེ་ཤོས་ཤིག་རྒྱལ་སྤྱིའི་ཐོག་ལ་ཐོན་ནས་དེར་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱས་པའི་གནད་དོན་དེར་ངོ་རྒོལ་སྐྱོན་འཛུགས་བྱེད་མཁན་མང་པོ་བྱུང་བ་རེད། དེ་བཞིན་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་བྱུང་བའི་གནས་ཚུལ་དེའི་ཐད་བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་བཏོན་པའི་གནས་ཚུལ་ནང་རྒྱ་ནག་གཞུང་གིས་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མིའི་ཐོག་དྲག་གནོན་བྱས་ཏེ་བོད་མི་ཉིས་བརྒྱ་བསྐོར་ཞིག་སྲོག་སྐྱོན་བཏང་ཡོད་པ་དང་བོད་མི་ཆིག་སྟོང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་བཏོན་ཡོད་པ་རེད། ད་དུང་གནས་ཚུལ་འབྱུང་ཁུངས་ཁག་གཞན་ནས་གསུངས་ན་བོད་ནང་སྲོག་སྐྱོན་བྱུང་བའི་གྲངས་འབོར་དེ་བས་མང་བ་ཡོད་སྲིད་པའི་སྐོར་གནས་ཚུལ་བཏོན་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མུས་ཐོག་གསར་འགོད་ཀྱི་དམ་བསྒྲགས་དེ་བས་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎