རྒྱ་གཞུང་གིས་ཐའེ་ལྦན་གྱི་དཔལ་འབྱོར་ཡར་རྒྱས་ལ་རོགས་རམ།

རྒྱ་ནག་གཞུང་གིས་ཐའེ་ལྦན་ནས་ཨ་སྒོར་ཐེར་འབུམ་གཉིས་ཙམ་གནས་པའི་ཀམ་པུ་ཀྲར་གྱི་བརྙན་འཕྲིན་ཤེལ་སྒོ་ལེབ་ལེབ་རིགས་ཉོ་སྒྲུབ་བྱ་རྒྱུ།
2008-12-22
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་ཆེད་ཐའེ་ལྦན་ནས་ཨ་སྒོར་ཐེར་འབུམ་གཉིས་ཙམ་གནས་པའི་དེང་དུས་གསར་དུ་ཐོན་པའི་ཀམ་པུ་ཀྲར་གྱི་བརྙན་འཕྲིན་ཤེལ་སྒོ་ལེབ་ལེབ་རིགས་ཉོ་སྒྲུབ་བྱ་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་འདུག

རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་འགན་འཛིན་ལྦང་ཡིས་ནས་ད་རེས་གཟའ་ཉི་མའི་ཉིན་མཇུག་བསྒྲིལ་བའི་ཐའེ་ལྦན་གོ་མིན་ཏང་ཚོགས་པ་དང་རྒྱ་ནག་གུང་ཁྲན་ཏང་ཚོགས་པའི་དབར་གྱི་དཔལ་འབྱོར་གླེང་སྟེགས་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་དཔལ་འབྱོར་སླར་གསོའི་ཆེད་དོན་ཚན་བཅུ་ཡི་སྲིད་ཇུས་ཕྱིར་བསྒྲགས་བྱས་ཡོད་པ་དང་དེའི་ནང་གོང་ཞུས་ཐའེ་ལྦན་གྱི་ཁེ་ལས་ཚོང་པའི་ས་ནས་རྒྱ་ནག་གིས་དེང་དུས་ཀྱི་བརྙན་འཕྲིན་གྱི་ཤོལ་ཀོ་ལེབ་ལེབ་རིགས་ཨ་སྒོར་ཐེར་འབུམ་གྱི་མ་དངུལ་བཏང་ནས་ཉོ་སྒྲུབ་བྱ་རྒྱུ་ཕུད་དེ་མིན་དོན་ཚན་བཅུ་པོ་དེའི་ནང་ནས་དོན་ཚན་བཞི་ནི་ཐད་ཀར་རྒྱ་ནག་ནང་ཐའེ་ལྦན་གྱི་ཁེ་ལས་པ་ཚོར་དམིགས་ནས་བཏོན་པ་ཞིག་ཡིན་ཞིང་རྒྱ་ནག་ནང་ཡོད་པའི་ཐའེ་ལྦན་གྱི་ཚོང་པ་ཚོའི་ཁེ་ལས་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱ་ནག་གི་དངུལ་ཁང་གསུམ་ཙམ་གྱིས་རྒྱ་ནག་ནང་མ་རྩ་འཛུགས་མཁན་གྱི་ཐའེ་ལྦན་གྱི་ཁེ་ལས་པ་ཚོར་ཁྱོན་རྒྱ་ནག་མི་མང་ཤོག་སྒོར་ཐེར་འབུམ་བརྒྱ་དང་སུམ་ཅུ་ལྷག་གི་མ་དངུལ་གཡར་པོ་གཏོང་རྒྱུ་དེ་མིན་ཐའེ་ལྦན་གྱི་ཞིང་ལས་ཐོན་ཟོག་རྒྱ་ནག་གི་ནང་ཚོང་འགྱུར་བྱ་རྒྱུའི་ཁྲོམ་ར་རྒྱ་ཆེ་རུ་གཏོང་རྒྱུ།རྒྱ་ནག་དང་ཐའེ་ལྦན་ཕྱོགས་གཉིས་དབར་མ་རྩ་འཛུགས་རྒྱུའི་ལས་དོན་རྒྱ་སྐྱེད་གཏོང་ཕྱོགས་སོགས་ཀྱི་དོན་ཚན་བཅུ་བཏོན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།