ས་ཡོམ་འོག་རྐྱེན་ལམ་དུ་ཕྱིན་པའི་གྲངས་ཀར་འགྱུར་བ་ཕྱིན་མེད་པ།

ཉེ་ཆར་བོད་དང་རྒྱ་ནག་གི་ས་མཚམས་ཁུལ་དུ་བྱུང་བའི་ས་ཡོམ་འོག་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་རང་འཇགས་གནས་ཡོད་པ་རེད།

2008-07-12
Share

༄༅༎བར་ལམ་ཕྱི་ཟླ་ལྔ་པའི་ཚེས་༡༢ཉིན་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་སྟེ་ད་བར་མི་གྲངས་དྲུག་ཁྲི་དགུ་སྟོང་བརྒྱ་དང་དགུ་བཅུ་གོ་བདུན་བྱུང་བའི་བསྡོམས་རྩིས་བཏོན་པ་དེ་འདས་པའི་ཉིན་མ་ལྔའི་ནང་ལ་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་རང་འཇགས་ལས་འཕར་སྣོན་ལ་འགྱུར་བ་གང་ཡང་ཕྱིན་མེད་པའི་སྐོར་རྒྱ་ནག་གི་དྲིལ་བསྒྲགས་ལས་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ་དང་དེ་བཞིན་ཕྱི་ཟླ་བདུན་པའི་ཚེས་༢ནས་ད་བར་ས་ཡོམ་གནོད་འཚེ་དེའི་ནང་རྨས་སྐྱོན་ཕོག་པའི་མི་གྲངས་གསུམ་འབུམ་བདུན་ཁྲི་བཞི་སྟོང་བརྒྱ་དང་བདུན་ཅུ་དོན་བཞི་གྲངས་འབོར་རང་གནས་ལས་འཕར་སྣོན་གྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་ཁར་ས་ཡོམ་འོག་ཚུད་དེ་ད་བར་རྙེད་སོན་མ་བྱུང་བའི་མིའི་གྲངས་འབོར་ཆིག་ཁྲི་བརྒྱད་སྟོང་གསུམ་རྒྱ་བཞི་བཅུ་བྱུང་བའི་བསྡོམས་རྩིས་ནས་འཕར་སྣོན་མེད་པར་ད་དུང་རེས་གཟའ་པ་སངས་ཉིན་གྲངས་ཀ་ནས་གཅིག་གི་ཉུང་དུ་ཕྱིན་པ་རེད། དེ་རིང་བར་དུ་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། ས་ཡོམ་གྱི་གནོད་འཚེ་དེའི་ནང་ནས་ད་བར་མི་གྲངས་དགུ་ཁྲི་དྲུག་སྟོང་བཞི་རྒྱ་བཞི་ཅུ་ཞེ་དྲུག་སྨན་ཁང་དུ་སྨན་བཅོས་བྱས་ཡོད་པ་དང་དེའི་ནང་ནས་ཁྲི་བརྒྱད་ལྷག་དྲག་སྐྱེས་བྱུང་སྟེ་སྨན་ཁང་ནས་བཏང་ཟིན་པ་དང་ད་དུང་མི་གྲངས་ལྔ་སྟོང་ལྷག་ཙམ་མུ་མཐུད་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་རེད། རྩ་བའི་ཟི་ཁྲོན་ཁུལ་དུ་བར་ལམ་གྱི་ས་ཡོམ་གྱི་གནོད་འཚེའི་ཐོག་ལ་དེང་སྐབས་དབྱར་ཀའི་ཆར་ཤོད་ཀྱི་གནམ་དུས་ཡིན་པར་བརྟེན་ནས་འདས་པའི་ཉི་མ་གཉིས་རིང་ལ་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཆར་ཤོད་བབ་པར་བརྟེན་ནས་ས་རུལ་དང་ཆུ་ལོག་གི་གནོད་འཚེའི་འོག་ཉུང་མཐར་མི་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་ཅིང༌། ཤིང་ཧཱ་གསར་ཤོག་ཐོག་ལ་གནས་ཚུལ་སྤེལ་བའི་ནང༌། གང་ལྟར་ཟི་ཁྲོན་ཞིང་ཆེན་ནང་གནམ་དུས་ཆར་ཤོད་ཀྱི་རྐྱེན་པས་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེའི་འོག་ཟླ་བ་འདིའི་ནང་ཁྱོན་མི་གྲངས་ཉུང་མཐར་༡༤ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ས་རུད་ཀྱི་གནོད་འཚེ་བྱུང་ཡུལ་དུ་ཉེན་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་ཀྱང་ད་དུང་རྐྱེན་འདས་སུ་ཕྱིན་པའི་གྲངས་ཀ་མུ་མཐུད་འཕར་སྣོན་འགྲོ་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎