རྒྱ་ནག་གཅིག་གི་ལངས་ཕྱོགས་མུ་མཐུད་འཛིན་དགོས།


2016.11.08
བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༠༨།༣།༡༤ བལ་ཡུལ་ཉེན་རྟོག་པས་བོད་མི་ལས་འགུལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༠༨།༣།༡༤
ཀླུ་འབུམ།

རྒྱ་ནག་གིས་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་མུ་མཐུད་འཛིན་དགོས་པའི་ནན་བརྗོད་བྱས་ཡོད་འདུག
དེ་ཡང་myRepublica་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་དུས་ཡུན་གང་འཚམ་ནས་བཟུང་བལ་ཡུལ་གཞུང་གི་ལངས་ཕྱོགས་འཛིན་སྟངས་ཀྱི་ཐོག་ནས་རྒྱ་ནག་གཞུང་དྭོགས་གཞི་སྐྱེས་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེའི་རྒྱུ་མཚན་འགའ་ཤས་ཡོད་པའི་ནང་ནས་གཅིག་ནི་ཉིན་ཤས་གོང་རྒྱ་གར་གྱི་གྲོང་ཁྱེར་གྷོ་ཝའི་ནང་བསྐོངས་ཚོགས་གནང་བའི་ལྷན་ཚོགས་ཞིག་གི་ཐོག་བལ་ཡུལ་གྱི་སྲིད་འཛིན་ཟུར་པ་SherBahadurDeuba་མཆོག་ལྷན་ཚོགས་དེར་མཉམ་ཞུགས་གནང་བར་ཕེབས་ཡོད་པ་དང་། ཚོགས་འདུ་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཕེབས་ཡོད་པ་བཅས་ལ་བརྟེན་རྒྱ་ནག་གཞུང་ཚབ་ཁང་ནས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ་གནད་དོན་དེའི་ཐོག་རྒྱ་ནག་གི་འདོད་མོས་མེད་པའི་བརྡ་ལན་སྤྲད་ཡོད་འདུག
དེ་དང་ཕྱོགས་མཚུངས་འདས་པའི་གཟའ་ཉི་མའི་ཉིན་བལ་ཡུལ་ནང་SiddharthaArtGaller་ཞེས་པའི་སྒྱུ་རྩལ་ལྟེ་གནས་ཁང་ཞིག་ཏུ་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེའི་སྐབས་སུ་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་བཅུག་པ་དེར་རྒྱ་ནག་གཞུང་ཚབ་ཁང་ནས་བལ་ཡུལ་ཕྱི་སྲིད་ལས་ཁུངས་སུ་སྐྱོན་བརྗོད་བྱས་ཡོད་པ་རེད། དེས་མ་ཟད་རྒྱ་གར་གྱི་སྲིད་འཛིན་བལ་ཡུལ་ནང་འཚམས་འདྲིའི་གཟིགས་སྐོར་གནང་བའི་སྐབས་སུ་རྒྱལ་ཡོངས་གུང་སེང་གཏོང་རྒྱུའི་འཆར་གཞིར་ཡང་རྒྱ་ནག་གཞུང་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་སོགས་གང་ལྟར་རྒྱ་ནག་གཞུང་ནས་ད་ལྟའི་བལ་ཡུལ་གྱི་གཞུང་གསར་པའི་ངོས་ནས་དེ་སྔ་བཞིན་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་གི་ཡོད་པའི་དྭོིགས་གཞིའི་འོག་བལ་ཡུལ་ལ་བྱ་སྤྱོད་འདི་རིགས་ཁས་ལེན་བྱེད་རྒྱུ་མིན་པའི་བརྡ་ལན་གསལ་པོ་སྤྲད་ཀྱི་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎