རྒྱ་ནག་གཞུང་ཚབ་པ་མའོ་དམར་ཤོག་གི་དབུ་ཁྲིད་དང་མཇལ་བ།


2016.07.29
བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་གཙོ་འཛིན་Prachandra་ཡིས་གཏམ་བཤད་གནང་བཞིན་པ། ༢༠༡༦།༥ བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་གཙོ་འཛིན་Prachandra་ཡིས་གཏམ་བཤད་གནང་བཞིན་པ། ༢༠༡༦།༥
Prachandra/FB

རྒྱ་ནག་གཞུང་ཚབ་པ་བལ་ཡུལ་གྱི་མའོ་དམར་ཤོག་གི་དབུ་ཁྲིད་དང་མཇལ་ནས་གཞུང་འཛིན་ལ་རྒྱབ་སྐྱོར་ཡོད་པའི་ཁས་ལེན་བྱས་འདུག
རྒྱ་ནག་གཞུང་གིས་བལ་ཡུལ་གྱི་སྲིད་བློན་རྗེས་མ་དེ་ཆགས་རྒྱུར་ངེས་པ་མའོ་དམར་ཤོག་ཚོགས་པའི་གཙོ་འཛིན་Prachandra་ལ་ཐུག་འཕྲད་བྱས་སྟེ། བལ་ཡུལ་གྱི་གཞུང་འཛིན་གསར་པར་རྒྱབ་སྐྱོར་ཆ་ཚང་བྱ་རྒྱུའི་ཁས་ལེན་བྱས་འདུག།  
དེ་ཡང་མའོ་དམར་ཤོག་ཚོགས་པའི་གཙོ་འཛིན་Prachandra་གཞུང་འཛིན་ལ་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་ཆབ་སྲིད་མི་སྣའི་ཁྲོད་དཀྲོག་གཏམ་ཁྱབ་བཞིན་པའི་སྐབས། འདི་ཚེས་༢༩་ཉིན་རྒྱ་ནག་གཞུང་གི་གཞུང་ཚབ་Wu Chuntai་ཡིས་བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་གཙོ་འཛིན་དང་ཡུལ་དེའི་སྲིད་བློན་རྗེས་མ་ཆགས་རྒྱུར་ངེས་པ་Prachandra་འམ་Pushpa Kamal Dahal་ཐུགས་འཕྲད་བྱས་སྟེ་Wu་ཡིས་རྒྱ་ནག་གཞུང་གིས་ཁོང་ནས་དབུ་ཁྲིད་པའི་བལ་ཡུལ་གཞུང་འཛིན་ལ་རྒྱབ་སྐྱོར་ཆ་ཚང་བྱ་རྒྱུའི་ཁས་ལེན་བྱས་པ་དང་། བལ་ཡུལ་གྱིས་ཡར་རྒྱས་ལས་གཞི་དང་རྒྱལ་ཁབ་དེ་བཞིན་སྲ་བརྟན་ཆེད་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། བལ་ཡུལ་དེ་བཞིན་ཡར་རྒྱས་གོང་འཕེལ་ཕུན་སུམ་ཚོགས་པོ་ཡོང་བའི་གོམ་པ་མདུན་སྤོས་ལ་མཉམ་འབྲེལ་རྒྱ་བསྐྱེད་གཏོང་རྒྱུ་ཡིན་ལུགས་བརྗོད་པ་Prachandra་ཡིག་ཚང་ནས་ད་རིང་བསྒྲགས་འདུག
བལ་ཡུལ་གྱི་སྲིད་བློན་ཟུར་པ་KP Sharma Oli་གཞུང་འཛིན་གྱིས་རྒྱ་ནག་གཞུང་ལ་བརྟེན་དྲག་པའི་རྐྱེན་གྱིས་རྒྱ་གར་ཁོང་ཁྲོ་ལངས་ཡོད་པ་རེད། ད་རེས་རྒྱ་ནག་གཞུང་གི་གཞུང་ཚབ་གིས་བལ་ཡུལ་གྱི་གཞུང་འཛིན་གསར་འཛུགས་མ་བྱས་གོང་ལ་Prachandra་ཐུགས་འཕྲད་བྱས་པ་དེ་ནི་རྒྱ་ནག་གཞུང་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཕྱིར་ཁོ་ནར་དམིགས་པ་ཡིན་ཞིག་ཡིན་འདུག
ཐུགས་འཕྲད་དེའི་སྐབས་སུ་Prachandra་ཡིས་རྒྱ་ནག་གཞུང་གི་གཞུང་ཚབ་ལ་བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་དང་། KP Sharma Oli་གཞུང་འཛིན་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་སོགས་གསུངས་འདུག
འདི་ལོའི་ཕྱི་ཟླ་༡༡་པའི་ནང་རྒྱ་གར་ནང་BRICS་ཞེས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་པའི་ཆེས་མཐོའི་ལྷན་ཚོགས་ནང་མཉམ་བཞུགས་གནང་ཞོར་དུ་རྒྱ་ནག་གི་སྲིདའཛིན་ཞེ་ཅིན་ཕེན་བལ་ཡུལ་དུ་འཚམས་གཟིགས་ལ་ཕེབས་འཆར་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎