བོད་ཀྱི་ཞིང་འབྲོག་མི་གྲངས་འབུམ་གསུམ་ལྷག་གནས་སྤོ་བྱས་པ།

རྒྱ་ནག་གཞུང་གིས་འདི་ལོའི་ནང་བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་ནང་མི་མི་གྲངས་འབུམ་གསུམ་ལྷག་གཏན་འཇགས་ཁང་པའི་ནང་གནས་སྤོ་བྱས་འདུག
2008-12-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་འདི་ལོའི་ནང་བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་ལྔ་ཁྲི་བདུན་སྟོང་བརྒྱད་བརྒྱ་ཙམ་གྱི་ནང་མི་མི་གྲངས་གསུམ་འབུམ་གཅིག་ཁྲི་ཉིས་སྟོང་ཙམ་ས་ཕག་གིས་བཟོས་པའི་གཏན་འཇགས་ཁང་པའི་ནང་གནས་སྤོ་བྱས་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་ཅིང་འདི་ནི་རྒྱ་ནག་གཞུང་གི་འགྲོ་གྲོན་སྦྱར་ཏེ་བོད་ཀྱི་ཞིང་འབྲོག་སྤྱི་དང་དམིགས་བསལ་འབྲོག་པའི་མི་སེར་གནས་སྤོ་བྱ་རྒྱུའི་འཆར་གཞི་ཞིག་ཡིན་པ་རེད།

ད་དུང་ཤིན་ཧྭ་གསར་འགྱུར་ལས་ཀང་གིས་བསྡོམས་འབོར་གྲངས་ཐོ་ཞིག་བཏོན་ཡོད་པ་དེའི་ནང་ད་བར་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་པ་ཁྱིམ་ཚང་བརྒྱད་འབུམ་དྲུག་ཁྲི་དང་འབྲོག་པའི་ཁྱིམ་ཚང་ཆིག་འབུམ་བདུན་ཁྲི་གཏན་འཇགས་ཀྱི་ཁང་པའི་ནང་གནས་སྤོ་བྱས་ཡོད་ལུགས་བརྗོད་ཡོད་ཅིང་འཆར་གཞི་དེ་ཕྱི་ལོ་༢༠༠༦ལོ་ནས་འགོ་བཙུགས་བྱས་པ་ཞིག་ཡིན་པ་དང་ལོ་ལྔའི་ནང་ཞིང་འབྲོག་གི་ཁྱིམ་ཚང་གནས་སྤོའི་ཆེད་གཏན་འཇགས་ཁང་པ་ཉི་འབུམ་ཉི་ཁྲི་ཙམ་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱ་ནག་གཞུང་གིས་འཆར་གཞི་འདི་ནི་བོད་རིགས་ཞིང་འབྲོག་མི་སེར་གྱི་བདེ་དོན་ཆེད་ཡིན་ལུགས་བརྗོད་བཞིན་ཡོད་པ་དང་འཆར་གཞི་དེ་མུ་མཐུད་ལག་བསྟར་རྒྱུན་ཁྱོངས་བྱེད་ཚེ་ཕྱི་ལོ་༢༠༡༠ཚུན་ཆད་ཞིང་འབྲོག་མི་སེར་བརྒྱ་ཆ་བརྒྱད་བཅུ་ཙམ་གཏན་འཇགས་སྡོད་ཁང་ནང་གནས་སྤོ་བྱེད་ཟིན་པ་བྱ་རྒྱུ་ཡིན་འདུག

འོན་ཀྱང་རྒྱལ་སྤྱིའི་ནང་གི་རང་དབང་ལྡན་པའི་གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གི་འཆར་གཞི་དེས་བོད་པའི་སྲོལ་རྒྱུན་ཞིང་འབྲོག་གི་གནས་སྟངས་ཐད་ཤུགས་རྐྱེན་ཆེན་པོ་བཟོས་ཏེ་རིམ་པས་འབྲོག་པ་རྣམས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་བརྗོད་བཞིན་ཡོད་པ་རེད། རང་དབང་ལྡན་པའི་གནས་ཚུལ་དཔྱད་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་འབྲོག་པའི་རྩ་ཐང་དེ་དག་གི་ཐོག་བཟོ་གྲྭ་དང་ཁང་པ་རྒྱག་རྒྱུའི་འཆར་གཞིའི་ཐོག་ནས་འབྲོག་རིགས་གྲོང་ཁྱེར་ཁག་ཏུ་བཙན་དབང་གི་ཐོག་ནས་གནས་སྤོ་བྱེད་དུ་འཇུག་གི་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།