བཀྲ་ཤིས་རབ་བརྟན་དམ་པའི་འདས་ཆོས་ལ་དམ་དྲག་བྱས་འདུག


2016.12.14
བཀྲ་ཤིས་རབ་བརྟན་ལགས་དང་ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས། ༢༠༡༦།༡༢།༨ བཀྲ་ཤིས་རབ་བརྟན་ལགས་དང་ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས། ༢༠༡༦།༡༢།༨
བོད་འབྱོར།

བཀྲ་ཤིས་རབ་བརྟན་དམ་པའི་འདས་ཆོས་སྒྲུབ་པར་ཡང་རྒྱ་ནག་གི་ཉེན་རྟོག་པས་དམ་དྲག་དང་སུན་གཙེར་བྱེད་ཀྱི་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། བོད་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕེབས་པའི་བཀྲིས་རབ་བརྟན་དམ་པའི་ནང་མི་ཚོར་རྒྱ་ནག་གཞུང་གིས་ཁོང་གི་སྐུ་ཕུང་རྩིས་སྤྲོད་མ་བྱས་པར་རུས་ཐལ་མ་གཏོགས་སྤྲད་མེད་པ་མ་ཟད། འདས་ཆོས་ཐོག་ལའང་དམ་དྲག་ཆེན་པོ་བྱེད་བཞིན་པར་ཁོང་གི་ནང་མི་དང་ས་གནས་མི་མང་ཚོས་བློ་ཕམ་ཆེན་པོ་གནང་བཞིན་ཡོད་འདུག
གནས་ཚུལ་ལྟར་ན། བཀྲིས་རབ་བརྟན་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ནང་མི་ཚོས་བླ་བྲང་དགོན་པར་འཁྱེར་ནས་བོད་ཀྱི་སྲོལ་རྒྱུན་ལྟར་ཞུགས་འབུལ་གྱིས་སྨོན་ལམ་གསུང་རྒྱུའི་གྲ་སྒྲིག་གནང་ཡོད་ཀྱང་། རྒྱ་གཞུང་གིས་དེ་ལྟར་བྱེད་དུ་བཅུག་མེད་པའི་སྐོར་བོད་ནས་གནས་ཚུལ་འགྲེལ་བརྗོད་གནང་འདུག མ་ཟད་འདས་པོ་བཀྲིས་རབ་བརྟན་ལགས་ཀྱི་ཁྱིམ་དུ་ཆོས་འབུལ་སྨོན་ལམ་འདོན་རྒྱུར་རྒྱ་མིས་སུན་གཙེར་བྱེད་བཞིན་ཡོད་སྟབས། ས་གནས་ཀྱི་དགོན་པ་ཞིག་ནང་འདས་ཆོས་སྒྲུབ་དགོས་བྱུང་འདུག
བཀྲིས་རབ་བརྟན་ལགས་ཀྱི་བོད་དོན་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་བར་བརྟེན་ས་གནས་དེའི་ཁུལ་གྱི་བོད་མི་མང་པོ་ཞིག་གིས་འདས་ཆོས་རྒྱས་པ་ཞིག་གནང་རྒྱུའི་རེ་འདོད་གནང་ཡོད་ནའང། རྒྱ་ནག་གཞུང་གི་ཉེན་རྟོག་པས་ལྟ་སྲུང་དམ་པོའི་འོག་དེ་ལྟར་གནང་མ་ཐུབ་པར་འགྱོད་སེམས་ཆེན་པོ་གནང་གི་ཡོད་པའི་སྐོར་བོད་ནས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎