རྒྱ་ནག་ཏུ་ཁྲིམས་རྩོད་པ་ཞིག་ལ་ཉེས་རྡུང་བཏང་བར་སྐྱོན་བརྗོད།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་ཞིག་ཚོུད་དགུའི་རིང་དོ་དམ་བཀག་ཉར་བྱས་པའི་རིང་ཉེས་རྡུང་བཏང་བ།
2009-06-23
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་གནས་སྡོད་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་གཟའ་འཁོར་སྔོན་མ་རྒྱ་ནག་གཞུང་གིས་དུས་ཡུན་ཚོུད་དགུའི་རིང་དོ་དམ་བཀག་ཉར་བྱས་པའི་རིང་ཉེས་རྡུང་བཏང་བ་སོགས་ཀྱི་བྱ་སྤྱོད་ལ་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།

དེ་ཡང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཁྲིམས་རྩོད་ཚོགས་པས་གསུངས་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཀྲེང་ཨེན་ཀྲོང་ནི་ས་གནས་མི་དམངས་ཚོར་རྒྱ་ནག་གཞུང་གིས་ས་ཞིང་བཙན་འཕྲོག་བྱས་པའི་བྱ་སྤྱོད་གོང་རིམ་ལ་ཞུ་གཏུགས་བྱེད་དགོས་པའི་སློབ་སྟོན་གནང་མཁན་ཞིག་ཡིན་པར་བརྟེན་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཉེན་རྟོག་པས་ཁོང་ཉེན་རྟོག་ལས་ཁང་དུ་འབོད་འགུགས་བྱས་ཏེ་ཚོུད་དགུ་རིང་དོ་དམ་བྱས་པ་མ་ཟད་ཉེན་རྟོག་པས་ཁོང་ལ་འགྲམ་ལྕག་ཡང་སེ་ཞུས་པ་དང་མགོ་ལ་གང་བྱུང་གཞུས་པ་ཐ་མག་མེ་ཚགས་ཀྱིས་མཆུ་ཏོ་དང་མིག་སྤུ་མེར་བསྲེགས་གཏོང་ཐབས་བྱས་པ་སོགས་ཉེས་རྡུང་དང་མནར་གཅོད་བཏང་བའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་དང་ད་དུང་ཁྲིམས་རྩོད་ཚོགས་པ་དེའི་དྲུང་ཆེ་པེ་ཀྲི་རིཀ་པུན་ཞེས་པས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་ཀྲེང་ཨེན་ཀྲོང་ཧྲང་ཧད་ཉེན་རྟོག་པས་དོ་དམ་བཀག་ཉར་བྱས་པའི་གྱོད་དོན་དེ་ནི་ཁོང་གིས་ཧྲང་ཧད་ནང་གི་ས་གནས་མི་དམངས་གོད་ཆགས་བྱུང་བ་ཚོར་རྒྱ་ནག་གཞུང་ཕྱོགས་ནས་དྲང་བདེན་གྱི་གུན་གསབ་དང་ཐོབ་ཐང་ཞིག་རགས་རྒྱུའི་ཆེད་དུ་ཁོང་ཚོར་ཁྲིམས་ལུགས་དང་མཐུན་པའི་ལམ་སྟོན་དང་རོགས་རམ་བྱེད་པའི་ཁོང་གི་ཕྱག་ལས་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་ཀྲེང་ཨེན་ཀྲོང་ནི་དེ་སྔོན་ཕྱི་ལོ་ཉིས་སྟོང་བཞི་ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་གཉིས་བཙོན་འཇུག་གི་ལོ་ཚད་ཚང་བའི་རྗེས་ཕྱི་ལོ་ཉིས་སྟོང་དྲུག་ལོའི་ཕྱི་ཟླ་དྲུག་པའི་ནང་གློད་བགྲོལ་ཐོབ་ཡོད་ཀྱང་ད་བར་ཁོང་ཐེངས་དྲུག་ཅུ་རེ་གཉིས་དོ་དམ་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་ཀྱང་ད་རེས་དོ་དམ་བཀག་ཉར་བྱེད་པའི་སྐབས་ཉེས་རྡུང་དང་མནར་གཅོད་བཏང་བའི་གནས་སྟངས་སྡུག་ཤོས་བྱུང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།