ཡུ་གུར་སྐྱབས་བཅོལ་བ་ཚོ་ཁྲིམས་འགལ་ཉེས་ཅན་པ་རེད་ཟེ་བཤད།

སྐྱབས་བཅོལ་འཚོལ་ཐབས་བྱེད་མཁན་དེ་རྣམས་རྒྱ་ནག་གཞུང་གིས་དོགས་གཞི་ཅན་གྱི་ཁྲིམས་འགལ་གྱི་ཉེས་ཅན་པ་རེད་ཅེས་བཤད་ཡོད་པ་རེད།

2009-12-15
Share

༄༅༎ཉེ་ཆར་ཤིན་ཅང་གི་ཡུ་གུར་ཁ་ཆེའི་མི་རིགས་ཁག་ཅིག་ཀེམ་སྦོ་ཌི་ཡའི་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་བརྒྱུད་རྒྱལ་ཁབ་དེའི་ནང་སྲིད་དོན་གྱི་སྐྱབས་བཅོལ་འཚོལ་ཐབས་བྱེད་མཁན་དེ་རྣམས་རྒྱ་ནག་གཞུང་གིས་དོགས་གཞི་ཅན་གྱི་ཁྲིམས་འགལ་གྱི་ཉེས་ཅན་པ་རེད་ཅེས་བཤད་ཡོད་པ་རེད།

གཟའ་འཁོར་རྗེས་མའི་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཀེམ་སྦོ་ཌི་ཡའི་ནང་འཚམས་འདྲིར་བསྐྱོད་རྒྱུར་ཉིན་ལས་ཤས་མེད་པའི་སྐབས་དེར་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅིཡང་ཡུ་པེ་ཅིང་དུ་ཚོགས་པའི་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་ཀེམ་སྦོ་ཌི་ཡའི་ནང་དུ་ཡོད་པའི་ཡུ་གུར་མི་རིགས་དེ་རྣམས་དོགས་ཡོད་ཀྱི་ཉེས་ཅན་པའི་མིང་གཞུང་ཐོ་འགོད་བྱས་པའི་གྲས་ཡིན་པ་དང་འབྲེལ་ཡོད་ཚན་པ་ཁག་གིས་ཞིབ་འཇུག་བྱེད་མུས་ཡིན་ལུགས་དང་རྒྱལ་སྤྱིའི་སྐྱབས་བཅོལ་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་དེ་ཡིས་ཁྲིམས་འགལ་གྱི་ནག་ཉེས་ཅན་ལ་ཁྲིམས་མཐུན་གྱི་ཉེས་ཆད་གཏོང་རྒྱུར་འགོག་རྐྱེན་མི་བཟོ་བའི་རེ་བ་ཡོད་ཅེས་བཤད་ཡོད་ཅིང་ཡིན་ནའང་ཡུ་གུར་མི་རིགས་དེ་དག་གིས་ཁྲིམས་འགལ་གྱི་ནག་ཉེས་ག་རེའི་ཐོག་ལ་དོགས་གཞིའི་ཉེས་པ་བསག་ཡོད་མེད་བཤད་མེད་པ་རེད།  ཀེམ་སྦོ་ཌི་ཡའི་ནང་དུ་བྲོས་བྱོལ་དུ་སླེབས་པའི་ཡུ་གུར་མི་རིགས་ཉི་ཤུ་རྩ་གཉིས་ཡོད་པ་རྣམས་ཡུལ་གྲུ་དེའི་ནང་གནས་སྡོད་ཆོག་པའི་སྲིད་དོན་གྱི་སྐྱབས་བཅོལ་ཡོང་ཐབས་འབད་བརྩོན་བྱེད་བཞིན་ཡོད་པ་དང་བཙན་བྱོལ་དུ་ཡོད་པའི་ཡུ་གུར་ཚོགས་པས། དེའི་ནང་ནས་མི་གཉིས་ནི་འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་རྒྱ་མིའི་ཉེན་རྟོག་དམག་མིས་ངོ་རྒོལ་ནང་ཞུགས་མཁན་ཡུ་གུར་མི་རིགས་ཐོག་ཉེས་རྡུང་བཏང་བ་དང་དམར་གསོད་བཏང་བའི་གནས་ཚུལ་དངོས་སུ་མཐོང་མཁན་གྱི་དཔངས་པོ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།