བོད་ཐོག་འཛིན་པའི་སྲིད་ཇུས་ཐད་གཏམ་བཤད།

རྒྱ་ནག་དཔོན་རིགས་ཤིག་གིས་བོད་མི་ཚོས་རང་ལུས་མེ་བསྲེག་བཏང་ཀྱང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཅེས་བཤད་འདུག

2011.12.30

རིང་བཀོད་སྤེལ་བྱས་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་གསུམ་པ་ནས་འགོ་ཚུཌ་བོད་ནང་དུ་བོད་མི་༡༢ ཀྱིས་རང་ལུས་མེར་བསྲེག་བཏང་ཡོད་པ་དང༌། རང་ལུས་མེར་་བསྲེག་བཏང་བའི་དོན་རྐྱེན་བྱུང་ཡུལ་ནི་རྒྱ་ནག་གི་ལྷོ་ནུབ་ཟིང་ཁྲོན་ཞིང་ཆེན་ཁོང་གི་བོད་ཀྱི་ས་ཁུལ་ནང་ཡིན་ཞིང༌། བོད་ཀྱི་ས་ཁུལ་དེ་ནི་ལོ་རྒྱུས་ཐོག་ནས་བོད་ཀྱི་ས་ཁུལ་ཡིན་པ་དང༌། མེར་་བསྲེག་བཏང་མཁན་བོད་མི་༡༢ ནང་ནས་དྲུག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། དེ་ཡང་རྒྱ་ནག་གུང་ཁྲན་ཚོགས་པའི་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གི་འགོ་ཁྲིད་ཀྲུའུ་ ལྦེ་ཆུན་ གྱིས་ཟླ་བ་འདིའི་འགོ་སྟོད་དུ་ སྦེལ་ཇེམ་ གྱི་རྒྱལ་ས་རྦུ་རུས་སེལ དུ་ཡོ་རོབ་ཡུལ་གྲུའི་དཔོན་རིགས་དང་ལས་བྱེད་པ་ཐུག་འཕྲད་སྐབས་གཏམ་བཤད་བྱས་པ་ཞིག་ཡིན་ཞིང༌། དེའི་སྐབས་བཤད་པའི་གཏམ་བཤད་ནང༌།  ངས་དྲང་པོར་བརྗོད་ཡ་ལ། བོད་ནང་དུ་ད་དུང་རང་སྲོག་བློས་གཏོང་བྱེད་མཁན་གྱི་དོན་རྐྱེན་བསྐྱར་དུ་བྱུང་བ་ཡིན་ནའང་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དང༌། ཏྰ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་ནམ་ཡར་འགྲོ་གི་མ་རེད་ཅེས་དང༌། ཏྰ་ལའི་བླ་མའི་རྒྱབ་སྐྱོར་བ་ཚོས། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་ཆེད་དུ་བཅོས་མའི་སླུ་བྲིད་་བྱས་པ་དང༌། ན་གཞོན་ཚོ་རང་ལུས་མེ་བསྲེག་བཏང་དུ་བཅུག་གི་ཡོད་ལུགས་དང། དེ་ལྟ་བུ་རང་ཉིད་འཚོ་གནས་ཡོང་ཐབས་ཀྱི་ཆེད་དུ་མི་དམངས་སླུ་བྲིད་བྱས་ཏེ་རང་ལུས་མེ་བསྲེག་བཏང་དུ་བཅུག་པའི་བྱ་ཐབས་དེ་རིགས་རྒྱུན་གནས་ཐུབ་ཀྱི་རེད་དམ་ཅེས་བཤད་ཡོད་པ་མ་ཟད། རྒྱ་ནག་ཕྱོགས་ནས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་གཞུང་དེ་དང་དེའི་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་དང་གྲོས་མོལ་རྩ་བ་ནས་བྱེད་ཀྱི་མ་རེད་ཅེས་བསྐྱར་དུ་བཤད་པའི་སྐད་ཆ་དེ་རྒྱ་ནག་གཞུང་གི་དྲ་རྒྱ་Tibet.cn ཞེས་པའི་ཐོག་བཀོད་སྤེལ་བྱས་ཡོད་པ་རེད། འོན་ཀྱང་ཕེ་རན་སི་གསར་ཤོག་ཐོག་ལ། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རྒྱ་བོད་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འབད་བརྩོན་གནང་བ་ལས་རང་བཙན་རྩོད་ལེན་གནང་གི་མེད་པ་རེད་ཅེས་བཀོད་ཡོད་པ་རེད།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎