རྒྱ་གཞུང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱས་ལུགས་སྙན་ཐོ།

རྒྱ་གཞུང་ནས་བོད་ནང་རིག་གཞུང་སྲུང་སྐྱོབ་དང༌མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཆེན་པོ་བཏང་ཡོད་ལུགས་སྙན་ཐོ་བཏོན་འདུག
2008-09-25
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་ནས་བོད་ནང་གི་རིག་གཞུང་སྲུང་སྐྱོབ་དང༌མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཧ་ཅང་ཆེན་པོ་བཏང་ཡོད་ལུགས་སྙན་ཐོ་བཏོན་ཡོད་འདུག

དེ་ཡང་རྒྱ་ནག་གཞུང་གི་བློན་ཆེན་ལྷན་ཁང་ནས་དེ་རིང་རེས་གཟའ་ཕུར་བུའི་ཉིན་བོད་ནང་ཡར་རྒྱས་བཏང་བའི་གནད་དོན་འཁོད་པའི་ཤོག་གྲངས་སུམ་ཅུ་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང༌། ཕྱི་ལོ་༡༩༥༩ལོར་རྒྱ་ནག་གུང་བྲན་སྲིད་གཞུང་ནས་བོད་འཛིན་སྐྱོང་བྱས་པ་ནས་བཟུང་ད་བར་བོད་ནང་ཆོས་དང་ཤེས་ཡོན། རིག་གཞུང་སོགས་གང་ས་ཅིའི་ཐད་ལ་ཡར་རྒྱས་ཧ་ཅང་ཆེན་པོ་བཏང་ནས་མང་ཚོགས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད་ལུགས། དེ་ལས་ལྡོག་ཏེ་ཏཱ་ལའི་བླ་མ་དང་ཤོག་ཁག་ཚོས་བོད་ལ་རང་སྐྱོང་དགོས་ཟེར་ཡག་དེ་དེ་སྔའི་སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་རྒྱུའི་ཆབ་སྲིད་ཀྱི་ངན་ཇུས་བཤམས་པ་ཞིག་རེད་ལ་ཁོང་ཚོས་བོད་འདི་བཞིན་རྒྱབ་བཤིགས་རྒྱབ་བཅུག་འདོད་ཡོད་པ་ལས་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཡོད་མ་རེད་ཅེས་བཀོད་ཡོད་པ་གང་ལྟར་རྒྱ་ནག་གཞུང་ནས་སྙན་ཐོ་བཏོན་པ་དེའི་ནང༌། ད་བར་རྒྱ་ནག་གཞུང་ནས་བོད་ནང་མི་རྒྱུ་གཉིས་ཀའི་ཐོག་ནས་འགྲོ་གྲོན་ཆེན་པོ་བཏང་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་མང་ཚོགས་རྣམས་ཞི་བདེ་ལྷིང་འཇགས་ཡོད་ལུགས་བཀོད་ཡོད་པ་རེད། འོན་ཀྱང་གནད་དོན་འདིའི་ཐོག་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས། གལ་སྲིད་རྒྱ་ནག་གཞུང་ནས་སྙན་ཐོ་བཏོན་པ་ནང་གསལ་བོད་ནང་དངོས་ཡོད་གནས་སྟངས་ཡག་པོ་ཡོད་པ་ཡིན་ན་དངོས་ཡོད་གནས་སྟངས་ག་འདྲ་ཡོད་མེད་རྟོགས་ཞིབ་སླད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་རྣམས་བོད་ནང་རང་དབང་གི་ཐོག་ནས་གཏོང་དགོས་པ་ལས་སྙན་ཐོའི་ལམ་ནས་འགྲེལ་བཤད་རྒྱབ་དགོས་དོན་ཡོད་མ་རེད་ཅེས་གསུངས་འདུག

བོད་ནང་ཕྱི་ཟླ་གསུམ་པའི་ནང་དོན་རྐྱེན་བྱུང་ནས་ཟླ་བ་དྲུག་གི་རྗེས་སུ་རྒྱ་ནག་གཞུང་ནས་སླར་ཡང་བོད་ནང་གི་གནས་སྟངས་ཡག་པོ་ཡོད་པའི་སྙན་ཐོ་བཏོན་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།