ཤིན་ཅང་ནང་ཟིང་འཁྲུག་སློང་རྒྱུའི་བརྒྱུད་སྐུལ་བྱེད་ལུགས།

ཤར་ཏུར་ཀི་སི་ཐན་གྱི་སྲིད་སྐྱོང་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཤིན་ཅང་ནང་ཟིང་འཁྲུག་སློང་རྒྱུའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་འདུག

2008.09.12

༄༅༎རྒྱ་ནག་གི་ནུབ་ཕྱོགས་ཤར་ཏུར་ཀི་སི་ཐན་གྱི་སྲིད་སྐྱོང་ནུཨེར་སྦེ་ཀེ་ལི་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཤིན་ཅང་ནང་ཟིང་འཁྲུག་སློང་རྒྱུའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ་དང༌། ཁྲ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་མི་རེ་ཟུང་ལས་མེད་སྟབས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ངན་བྱུས་དེར་ལམ་ལྷོང་ཡོང་རྒྱུ་མིན་སྐོར་བརྗོད་འདུག

རྡོ་སྣུམ་གྱི་གཏེར་ཁས་ཕྱུག་པའི་ཤར་ཏུར་ཀི་སི་ཐན་ནང་ད་ལོ་དུས་བདེ་ལྷིང་འཇགས་མེད་པའི་གནས་ཚུལ་བྱུང་ཡོད་པའི་ནང་ པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་གོང་དེར་རྒྱ་མིའི་དྲག་ཆར་ཉེན་རྟོག་པ་༡༦རྐྱེན་ལམ་དུ་བཏང་ཡོད་པ་རེད། རྒྱ་ནག་གིས་ཁ་ཆེ་དྲག་འཐབ་མཁན་གྱི་བྱས་ཡོད་པར་དོགས་གཞི་བྱེད་བཞིན་ཡོད་པ་རེད། ཤར་ཏུར་ཀི་སི་ཐན་གྱི་ས་སྐྱོང་ནུཨེར་སྦེ་ཀེ་ལི་ཡིས་ རྒྱ་ནག་ཡར་རྒྱས་གོང་འཕེལ་འགྲོ་གི་ཡོད་པར་སྡང་ཟུག་བྱེད་མཁན་ནུབ་ཕྱོགས་དགྲ་གཏད་སྟོབས་ཤུགས་ཀྱིས་ དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་མིང་ཐོག་ནས་ མངའ་ཁུལ་དེའི་ནང་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་ཚོགས་སྡེ་ཁག་ལ་ཐད་ཀར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་འདུག

ཤར་ཏུར་ཀི་སི་ཐན་གྱི་སྲིད་སྐྱོང་ ནུཨེར་ཡིས་ མེས་རྒྱལ་ཁ་བྲལ་གཏོང་ཐབས་སུ་དམིགས་པའི་ནུབ་ཕྱོགས་དགྲ་གཏད་སྟོབས་ཤུགས་ཀྱི་ངན་བྱུས་དེ་ཚོ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་ལྷིང་ལ་གནོད་སྐྱོན་གཏོང་གཞིའི་ལས་དོན་དེ་དུས་ཡུན་རིང་པོའི་བར་གནས་རྒྱུ་ཡིན་སྟབས། ང་ཚོས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐར་ལྷུང་རིང་ལུགས་བཅས་ སྟོབས་ཤུགས་གསུམ་པོ་དེ་ཚོ་མེད་པ་བཟོ་ཐབས་ཀྱི་རྩོད་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་པའི་གཏམ་བཤད་དེ་ རྒྱ་ནག་དབུས་གཞུང་གི་དྲ་རྒྱའི་ཐོག་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎