རྒྱ་ནག་གིས་མཚོ་ཐོག་སྐྱེལ་འདྲེན་གྱི་ཁྲིམས་གཞིར་བསྒྱུར་བཅོས་བཏང་བས་ཨ་རི་སོགས་ལ་དཀའ་ངལ་འཕྲད་སྲིད་པ།

2021.08.31
རྒྱ་ནག་གིས་མཚོ་ཐོག་སྐྱེལ་འདྲེན་གྱི་ཁྲིམས་གཞིར་བསྒྱུར་བཅོས་བཏང་བས་ཨ་རི་སོགས་ལ་དཀའ་ངལ་འཕྲད་སྲིད་པ། ལྷོ་རྒྱ་ནག་རྒྱ་མཚོའི་ཐོག ༢༠༡༦
AP

རྒྱ་ནག་གཞུང་གིས་མཚོ་ཐོག་སྐྱེལ་འདྲེན་གྱི་ཁྲིམས་གཞིར་བསྒྱུར་བཅོས་བཏང་བས་ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་གི་གྲུ་གཟིངས་འགྲུལ་བཞུད་ལ་དོ་ཕོག་ཐེབས་སྲིད་པ་དཔྱད་ཞིབ་བྱས་འདུག
དེ་ཡང་ཐེ་པེ་དུས་བབ་(TAIPIE TIMES)་ཞེས་པའི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་མཚོ་ཐོག་སྐྱེལ་འདྲེན་གྱི་ཁྲིམས་གཞིར་བསྒྱུར་བཅོས་བཏང་བ་དང་། ཉེ་ཆར་གོང་ཞུས་ལས་དོན་ཚན་པས་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། རྩོད་རྙོག་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གཙོས་རྒྱ་ནག་རྒྱ་མཚོ་ཁག་གི་ས་མཚམས་སུ་མཚོ་གྲུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཚང་མའི་ངོས་ནས་སྔོན་ཚུད་ནས་བརྡ་ལན་སྤྲོད་དགོས་པ་དང་། ལྷག་པར་དུ་མཚོ་གྲུ་དེ་དག་མཚོ་དམག་གི་གྲུ་གཟིངས་ཡིན་དང་ཡང་ན་ལས་དོན་གཞན་ཆེད་གྲུ་གཟིངས་འགྲུལ་བཞུད་བྱེད་ཀྱི་ཡོད་མེད། དེ་དག་གི་མིང་དང་རྟགས་ཅ་དངོས་དབོར་འདྲེན་གྱི་རྣམ་གྲངས་སོགས་ཆ་ཚང་མིང་ཐོ་སྤྲོད་དགོས་པ་སོགས་དམ་དྲག་གི་ཁྲིམས་གཞི་བཟོ་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད།
ཐེ་ཝན་གྱི་དམངས་གཙོ་རྟོག་ཞིབ་ཁང་གི་འབྲེལ་ཡོད་(Sung Cheng-en)་ཡིས། ཁྲིམས་གཞི་བཅོས་བསྒྱུར་བཏང་བ་དེས་ཐེ་ཝན་ལ་དེ་ཙམ་གྱི་ཉེན་ཚབས་ཆགས་ཀྱི་མ་རེད། ཡིན་ནའང་ཨ་མི་རི་ཀའི་མཚོ་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་གི་ཐོག་བསྐོར་སྐྱོད་བྱེད་མཁན་ཚོར་དཀའ་ངལ་འཕྲད་སྲིད་པ་རེད་ཅེས་གསུངས་འདུག
གཞན་རྒྱ་ནག་གི་ཁྲིམས་གཞི་བཅོས་བསྒྱུར་དེས་རྒྱལ་ཁབ་གཞན་ཚོས་ཉེན་ཁ་ཞིག་མཐོང་གི་ཡོད་ལུགས་ཐེ་ཝན་གྱི་རྒྱལ་ཡོངས་བདེ་འཇགས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་(Su Tzu-yun)་ཡིས་དགོངས་ཚུལ་གསུངས་འདུག
དཔྱད་ཞིབ་བྱས་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གྱི་ཁྲིམས་གཞི་དང་རྒྱ་ནག་གཞུང་གིས་ད་རེས་ཁྲིམས་གཞི་བཅོས་བསྒྱུར་བཏང་བ་དེའི་བར་ཕྲན་བུའི་འགལ་འཛོལ་ཆགས་ཀྱི་ཡོད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎