རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཚོགས་པ་ཁག་ལ་དམ་བསྒྲཊ་བྱ་འཆར།


2016-04-26
Share
རྒྱ་ནག་གི་རྒྱལ་རྟགས། རྒྱ་ནག་གི་རྒྱལ་རྟགས།
AFP

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་དམ་བསྒྲགས་ཆེད་དུ་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
རྒྱ་ནག་རྒྱལ་ཡོངས་གྲོས་ཚོགས་ནས་གཟའ་འཁོར་འདིའི་ནང་། ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོིགས་པ་ཁག་ལ་ཐད་ཀར་ཉེན་རྟོག་པས་ལྟ་རྟོགས་བྱེད་ཆོག་པའི་ཁྲིམས་ལུགས་ཟིན་བྲིས་ཤིག་བཀོད་ཡོད་པ་དེར་མོས་མཐུན་ཡོད་མིན་འོས་བསྡུ་བྱ་འཆར་ཡོད་པ་དང་། ཁྲིམས་ལུགས་ཟིན་བྲིས་དེའི་ནང་གཙོ་བོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཉེན་རྟོག་པའི་ལྟ་རྟོགས་ལ་ངོས་ལེན་དགོས་པ་དང་། དེ་བཞིན་དཔལ་འབྱོར་ཡོང་ཁུངས་དང་། མ་དངུལ་བེད་སྤྱོད་གང་འདྲ་བྱེད་བཞིན་ཡོད་མེད་སྙན་སེང་ཞུ་དགོས་ངེས་ཀྱི་ནང་དོན་འཁོད་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་དེ་རིང་རེས་གཟའ་མིག་དམར་ཉིན་བརྗོད་འདུག།
ཡང་གསར་ཁང་དེས་མུ་མཐུད་གསུང་ན། ད་རེས་གཏན་འབེབས་བྱ་འཆར་ཡོད་པའི་ཁྲིམས་ལུགས་དེིའི་ནང་ཡང་ཉེན་རྟོག་པས་ཐད་ཀར་འཛིན་སྐྱོང་མི་སྣར་སྐད་ཆ་འདྲི་ཆོག་པ་དང་། གལ་སྲིད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་དང་འབྲེལ་བའི་གནད་དོན་ཡོད་ཚེ་རྒྱ་ནག་གི་མཉམ་འབྲེལ་བྱེད་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་གི་ལས་དོན་ཁག་བཙན་དབང་གིས་མཚམས་འཇོག་བྱ་ཆོག་པ་མ་ཟད། ལྷག་པར་དུ་རྒྱལ་ཁབ་མགོ་རྟིང་སློག་པ་དང་ཁ་བྲལ་གྱི་ལས་འགུལ་སྤེལ་ཐབས་བྱེད་མཁན་ཚོགས་པ་བཀག་བསྡོམས་བྱེད་ཆོག་པ་བཀོད་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།