བོད་མིར་ཁྲིམས་རྩོད་རོགས་སྐྱོར་བྱེད་མཁན་ལ་དམ་བསྒྲགས་བྱས་སྐོར།

རྒྱ་མིའི་ཁྲིམས་རྩོད་པ་གཉིས་ལ་རྒྱ་གཞུང་གིས་ཁྲིམས་རྩོད་པའི་ལས་ཀ་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་འདུག

2008.06.04

༄༅༎བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་བོད་མི་རྣམས་ནས་གླ་ཆ་མི་དགོས་པའི་ཐོག་ནས་ཁྲིམས་རྩོད་རོགས་རམ་ཞུ་རྒྱུའི་དང་བླང་བྱེད་མཁན་རྒྱ་མིའི་ཁྲིམས་རྩོད་པ་གཉིས་ལ་རྒྱ་གཞུང་གིས་ཁྲིམས་རྩོད་པའི་ལས་ཀ་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་འདུག

རྒྱ་མིའི་ཁྲིམས་རྩོད་པ་ཐེང་པིའོ་ཡིས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཚོས་གཟའ་ཁོར་སྔོན་མའི་ནང་ཁོང་གི་ཁྲིམས་རྩོད་ལག་ཁྱེར་བསྐྱར་གསོ་བྱས་མ་བྱུང་ཞེས་དང་རྒྱ་མིའི་ལས་བྱེད་པ་དེ་ཚོས་ཁོང་གི་ཁྲིམས་རྩོད་པའི་ལག་ཁྱེར་བསྐྱར་གསོ་བྱ་རྒྱུའི་ཁས་ལེན་མ་བྱས་པ་དེས་ཁོང་ནས་ཁྲིམས་རྩོད་པའི་ལས་ཀ་བྱ་རྒྱུའི་ཁྲིམས་མཐུན་གྱི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བ་དང་རྒྱ་ནག་གཞུང་གིས་རང་གི་མི་སེར་གྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་དང་འགལ་བ་ཡིན་སྐོར་ཕཱ་རན་སིའི་གསར་ལས་ཁང་ལ་གསུངས་འདུག རྒྱ་མིའི་ཁྲིམས་རྩོད་པ་ཅང་ཐེན་ཡུང་ཡིས་ཁྲིམས་རྩོད་ལག་ཁྱེར་ཡང་འབྲེལ་ཡོད་རྒྱ་མིའི་ལས་བྱེད་པས་བསྐྱར་གསོ་ཕྱིར་འགྱངས་བྱས་སྐོར་གསུངས་འདུག ཁྲིམས་རྩོད་པ་ཐེང་ཡིས་ཁོང་དང་ཅང་གཉིས་གཙོས་པའི་རྒྱ་མིའི་ཁྲིམས་རྩོད་པ་མང་པོས་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་དོན་རྐྱེན་འོག་འཛིན་བཟུང་བྱས་པའི་བོད་རྣམས་ནས་གླ་ཆ་སྤྲོད་མི་དགོས་པར་ཁྲིམས་ཞིབ་ལས་དོན་ཆེད་ཞབས་ཞུའི་ཡི་གེ་ཞིག་ལ་འདི་ལོའི་ཕྱི་ཟླ་བཞི་པའི་ནང་མཚན་རྟགས་སྐྱོན་པའི་དབང་གིས་ཁོང་གཉིས་ཀྱི་ཁྲིམས་རྩོད་ལག་ཁྱེར་བསྐྱར་གསོ་མ་བྱས་པའི་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎