སཱོ་ལོ་མོན་གླིང་ཚོམས་དང་རྒྱ་ནག་བར་གྲོས་མཐུན་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་འཆར་འདུག

2022.04.19
སཱོ་ལོ་མོན་གླིང་ཚོམས་དང་རྒྱ་ནག་བར་གྲོས་མཐུན་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་འཆར་འདུག སཱོ་ལོ་མོན་གླིང་ཚོམས་(Solomon)་གྱི་(Honiara)་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་ཁྱབ་བསྒྲགས་སྤེལ་ས། ༠༤།༠༢།༢༠༢༢
AP

ཕྱི་ཚེས་༡༩ཉིན་རོའུ་ཊར་གསལ་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སཱོ་ལོ་མོན་གླིང་ཚོམས་(Solomon)་ནང་ཤུགས་རྐྱེན་སྤྲོད་བཞིན་པའི་བདེ་འཇགས་འབྲེལ་ལམ་ཐད་ཨ་རི་དང་ཨོསི་ཊརེ་ལི་ཡ་(Australia) ནིའུ་ཛིར་ལན་ཊི་བཅས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། མི་རིང་བའི་ཕྱི་ཟླ་ལྔ་བའི་ཟླ་དཀྱིལ་དུ་རྒྱ་ནག་གི་དཔོན་རིགས་སཱོ་ལོ་མོན་དུ་སོང་ནས་རྒྱ་ནག་བར་མཉམ་འབྲེལ་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་འཆར་ཡོད་པ་རེས་གཟའ་མིག་དམར་ཉིན་སཱོ་ལོ་མོན་གྲོས་ཚོགས་ལ་བརྗོད་ཡོད་པ་རེད།
སཱོ་ལོ་མོན་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་དང་སཱོ་ལོ་མོན་དཔོན་རིགས་ནས་བདེ་འཇགས་ཐད་ཀྱི་གྲོས་འཆར་མ་ཡིག་ཅིག་ལ་མིང་རྟགས་བཀོད་དེ་རྒྱ་ནག་གི་ཉེན་རྟོག་པས་ཡུལ་དེའི་འཛུགས་བསྐྲུན་དང་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་ཆོག་པ་བྱས་ཡོད་ཀྱང་། གཞུང་གི་བློན་ཆེན་རྣམས་ཀྱིས་ད་དུང་དེར་མིང་རྟགས་བཀོད་མེད་པ་རེད་འདུག
རེས་གཟའ་མིག་དམར་ཉིན་སཱོ་ལོན་སྤྱི་བའི་རྩིས་ཐོ་ལྷན་ཁང་གི་འགན་འཛིན་དང་གྲོས་ཚོགས་འཐུས་མི་(Douglas Ete)་ནས་གྲོས་ཚོགས་ལ་བརྗོད་ན། ཕྱི་ཟླ་༥པའི་ཟླ་དཀྱིལ་དུ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་དཔོན་རིགས་དང་མཉམ་སཱོ་ལོ་མོན་གླིང་ཚོམས་སྲིད་གཞུང་བར་ཕྱོགས་མང་པོའི་ཐོག་མཉམ་ལས་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་རྒྱུ་ཡིན་ཞིང་། ཐེངས་འདིའི་གཟིགས་སྐོར་ལས་ཡུལ་གཉིས་བར་ཚོང་འབྲེལ་དང་སློབ་གསོ་སོགས་ཀྱི་མཉམ་འབྲེལ་ཤུགས་ཆེར་གཏོང་རྒྱུ་ལས་རྒྱ་ནག་བར་དམག་དོན་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཆིངས་ཡིག་འཇོག་གི་མེད་ཚུལ་བརྗོད་འདུག
དེ་བཞིན་ཡུལ་དེའི་སྲིད་བློན་སོ་གྷ་ཝེ་རེ་(Sagavare)་ནས་ཀྱང་གྲོས་ཚོགས་ལ་བདེ་འཇགས་ཐད་ཀྱི་གྲོས་འཆར་མ་ཡིག་ནང་། རྒྱ་ནག་དང་དམག་དོན་རྟེན་གཞི་འཛུགས་སྐྲུན་ཐད་གང་ཡང་བཀོད་མེད་ཚུལ་བརྗོད་འདུག ཡིན་ནའང་ཆིངས་ཡིག་ནང་དོན་ཞིབ་ཕྲ་ཕྱི་བསྒྲགས་བྱས་མེད་རྐྱེན། ཨོསི་ཊརེ་ལི་ཡ་རྒྱལ་ཁབ་ནས་རང་ཉིད་དང་རྒྱང་ཐག་སྤྱི་ལེ་ཉིས་སྟོང་ཙམ་གྱི་ས་ནས་རྒྱ་ནག་གི་དམག་དོན་རྟེན་གཞི་གནས་བར་སེམས་ཚབས་བྱེད་པ་དང་། དེ་བཞིན་བདུན་ཕྲག་སྔོན་མར་ཨོསི་ཊརེ་ལི་ཡ་དང་ཨ་རི་ནས་སོ་སོར་འབྲེལ་ཡོད་དཔོན་རིགས་མངགས་ནས་སཱོ་ལོ་མོན་ནས་རྒྱ་ནག་དང་བདེ་འཇགས་ཆིངས་ཡིག་མི་འཇོག་པའི་རེ་འདུན་བཏོན་ཡོད་པ་མ་ཟད། ད་ལྟ་རང་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་མཐོ་རིམ་དཔོན་རིགས་གཉིས་སཱོ་ལོ་མོན་ནང་འཚམས་གཟིགས་ཆེད་མངགས་གཏོང་གནང་གི་ཡོད་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎