དུག་རླངས་མང་ཤོས་རྒྱ་ནག་གི་གྲོང་ཁྱེར་ཡིན་པའི་མིང་བཏོན་།

རྒྱ་ནག་ནང་དུ་མོ་ཊ་དང་བཟོ་གྲ་སོགས་ལས་བྱུང་བའི་རང་འབྱུང་ཁམས་ལ་གནོད་གཞིའི་དུག་རླངས་ཀྱི་ཚད་གཞི་མཐོ་པོ་ཡོད་པའི་སྙན་ཐོ།

2012-06-05
Share

༄༅༎དེ་རིང་རྒྱ་ནག་གཞུང་གིས། རྒྱ་ནག་ཏུ་བཅའ་སྡོད་་ཕྱི་རྒྱལ་གྱི་གཞུང་ཚབ་པས། རྒྱ་ནག་ནང་དུ་མོ་ཊ་དང་བཟོ་གྲ་སོགས་ལས་བྱུང་བའི་རང་འབྱུང་ཁམས་ལ་གནོད་གཞིའི་དུག་རླངས་ཀྱི་ཚད་གཞི་མཐོ་པོ་ཡོད་པའི་སྙན་ཐོ་བཏོན་པ་དེ་ཁྲིམས་འགལ་་ཡིན་ལུཌ་དང་བྱ་སྤྱོད་དེ་རིགས་སྤེལ་རྒྱུ་མཚམས་འཇོག་བྱ་དགོས་པ་བརྗོད་ཡོད་པ་རེད།

རྒྱ་ནག་གི་གྲོང་ཁྱེར་ཁག་ནི། འཛམ་གླིང་ནང་ནས་དུག་རླངས་མང་ཤོས་ཀྱི་གྲས་ཡིན་པ་དང༌། འོན་ཀྱང་ཉེ་བའི་ཆར་ནས་རྒྱ་ནག་གི་མཁའ་རླུང་གཙང་མ་ཡོད་མེད་བརྟག་དཔྱད་བྱེད་མཁན་དཔོན་རིགས་ནས། རྒྱ་ནག་གི་མཁའ་རླུང་གཙང་དུ་ཕྱིན་པ་གནས་ཚུལ་རིམ་པ་བཏོན་ཡོད་ཀྱང་ པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་གིས་དུག་རླངས་མང་ཤོས་མིང་གཞུང་བཏོན་པའི་ནང་རྒྱ་ནག་འཁོད་ཡོད་པ་རེད། དེ་ཡང་ཨ་རིའི་གཞུང་ཚབ་ཁང་གིས་བཏོན་པའི་མིང་གཞུང་ནང༌། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུག་རླངས་མང་ཤོས་ཡིན་པ་དང༌། དེ་རྗེས་གྲོང་ཁྱེར་ཧྲང་ཧད་ཡིན་པ་བཀོད་ཡོད་པ་རེད། རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་བློན་ཆེན་གཞོན་པ་ལྦུ་ཤའོ་ཆིང་གིས་གསར་འགོད་ལྷན་ཚོགས་ཐོག་ལ། ཆེད་དུ་ཨ་མི་རི་ཀའི་མིང་མ་སྨོས་པར། ཕྱི་རྒྱལ་གྱི་གཞུང་ཚབ་པ་ཚོས་རྒྱ་ནག་གི་དུག་རླངས་སྐོར་གྱི་གནས་ཚུལ་བཏོན་པ་དེ་ནི། རྒྱ་ནག་མི་དམངས་དང་གཞུང་གི་ཁེ་ཕན་དང་འབྲེལ་བ་ཡོད་པས། ངེས་པར་དུ་གཞུང་ཚབ་ཁག་གིས་་ཁྲིམས་འགལ་ཅན་གྱི་བྱ་ཕྱོགས་དེ་རིགས་མཚམས་འཇོག་བྱས་ཏེ། རྒྱ་ནག་གི་ཁྲིམས་ལུགས་ལ་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད།

རྒྱལ་སྤྱིའི་ཚོགས་པ་ཁག་གིས། རྒྱ་ནག་ནང་དུ་རྡོ་སོལ་གྱི་མེ་ཤིང་བེད་སྤྱོད་གཏོང་མཁན་ཆེས་མང་པོ་དང༌། རྒྱ་ལམ་ཐོག་ཏུ་མོ་ཊ་ཆེས་མང་བས་དུག་རླངས་སོགས་ཀྱིས་རྒྱ་ནག་ནི་འཛམ་གླིང་ནང་གི་དུག་རླངས་མང་ཤོས་དང་སྡུག་ཤོས་སུ་ངོས་འཛིན་བྱེད་པ་མ་ཟད། ཉེ་ཆར་ཨ་རིའི་ཡེལ་གཙུག་ལག་སློབ་གྲས་འཁོར་ཡུག་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང༌། མཁའ་རླུང་གཙང་མ་ཡོད་མེད་ཞིབ་འཇུག་བྱས་པའི་རྒྱལ་ཁབ་༡༣༢ གྱི་མིང་གཞུང་བཏོན་པའི་ནང་རྒྱ་ནག་རིམ་པ་༡༢༨ དེ་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།