བོད་དུ་ཁང་བཟོ་རྒྱ་ཁང་རྒྱབ་དགོས་པའི་བཙན་སྐུལ།

རྒྱ་ནག་གིས་ཁམས་དཀར་མཛེས་སུ་བོད་མིའི་ཐུན་མོང་མ་ཡིན་པའི་སྡོད་ཁྱིམ་གྱི་བཟོ་བཀོད་རྙིང་པ་རྣམས་མེད་པ་བཟོ་ཐབས་བྱེད་བཞིན་པ།

2011.12.30

༄༅༎བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོུང་མ་ཡིན་པའི་སྡོད་ཁྱིམ་གྱི་བཟོ་བཀོད་རྙིང་པ་རྣམས་མེད་པ་བཟོས་ཏེ་རྒྱ་ཁང་རྒྱབ་རྒྱུའི་ལས་གཞིར་ས་གནས་བོད་མི་ཚོས་འདོད་མོས་མ་བྱས་པར་བརྟེན་རྫོང་གི་དཔོན་རིགས་ནས། ལས་གཞི་དེ་ལམ་ལྷོང་མ་བྱུང་བ་དེ་ནི་ས་གནས་ཀྱི་ལས་བྱེད་པས་མི་དམངས་ལ་སློབ་གསོ་ཡག་པོ་རྒྱབ་མ་ཐུབ་པའི་སྐྱོན་ཆ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་རིང་རེས་གཟའ་ཕུར་བུའི་ཉིན་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་གསུང་ན། ན་ནིང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ཁམས་དཀར་མཛེས་ཁུལ་གྱི་བོད་མི་ཚོར་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་རྒྱ་ཁང་རྒྱབ་ན་དགེ་མཚན་ཆེ་བ་ཡོད་པའི་སློབ་གསོ་སྤྲོད་པའི་ཚོགས་འདུ་ཐེངས་མང་པོ་ཚོགས་ཏེ།  གལ་སྲིད་བོད་མི་ཚོའི་ངོས་ནས་འདོད་པ་ཡོད་ཚེ་ཁང་པ་འཛུགས་སྐྲུན་གྱི་འགྲོ་གྲོན་ཕྱེད་ཀ་གཞུང་གིས་གཏོང་རྒྱུའི་ཁར་མ་འོངས་པར་ཡང་གཞུང་ཕྱོགས་ནས་བལྟ་སྐྱོང་དང་རོགས་རམ་དགོས་ངེས་བྱ་རྒྱུ་ལས་དེ་མིན་རྒྱ་ཁང་རྒྱབ་རྒྱུ་འདོད་པ་མི་བྱེད་མཁན་ཚོར་རོགས་རམ་རྩ་བ་ནས་བྱ་རྒྱུ་མིན་པ་མ་ཟད། ཁང་པ་མི་རྒྱག་པའི་རྒྱུ་མཚན་ཁ་གསལ་གསལ་བཤད་བྱ་དགོས་པའི་བཙན་བཀའ་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང༌། བོད་མི་ཚོའི་ངོས་ནས་འདོད་པ་མི་བྱེད་པར་བརྟེན་དཀར་མཛེས་རྫོང་གི་དཔོན་རིགས་ནས། ས་གནས་ཤང་དང་ཆུས་ཀྱི་ལས་བྱེད་པ་སྐོང་ཚོགས་ཀྱི་ཚོགས་འདུ་ཚོགས་ཏེ། ཁྱེད་ཚོས་མི་དམངས་ལ་སློབ་གསོ་ཡག་པོ་རྒྱབ་མ་ཐུབ་པའི་སྐྱོན་ཆ་ཡིན་པའི་སྐྱོན་བརྗོད་བྱས་པ་མ་ཟད། གལ་ཏེ་བོད་མི་ཚོའི་ངོས་ནས་རྒྱ་ཁང་བཟོ་རྒྱུར་འདོད་པ་མི་བྱེད་པ་དེ་ལ་དཔག་པའི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན་པའི་གཏམ་བཤད་བྱས་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎