རྒྱ་ནག་ནང་དམངས་ཀྱིས་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ།

རྒྱ་ནག་ནང་དུ་མི་དམངས་ཚོས་ཐོབ་ཐང་རྩོད་ལེན་གྱི་ངོ་རྒོལ་ལས་འགུལ་མུ་མཐུད་ཡོང་རྒྱུ་ཡིན་པའི་ཚོད་དཔགས་བྱེད་ཀྱི་ཡོད་པ་རེད།

2011.12.27

༄༅༎རེས་གཟའ་ཟླ་བའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཤིག་གིས། རྒྱ་ནག་ནང་དུ་མི་དམངས་ཚོས་ཐོབ་ཐང་རྩོད་ལེན་གྱི་ངོ་རྒོལ་ལས་འགུལ་མུ་མཐུད་ཡོང་རྒྱུ་ཡིན་པའི་ཚོད་དཔགས་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རེས་གཟའ་ཟླ་བའི་ཉིན་ཚོགས་པའི་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ཟེར་བའི་ཚོགས་འདུའི་ཐོག་ལ། བར་ལམ་རྒྱ་ནག་གི་ལྷོ་ཕྱོགས་ཁུལ་གྱི་ཞིང་པ་གྲོང་གསེབ་པ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་ཞི་འཇམ་ཡོང་ཐབས་གནང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཀྲུ་མིང་གུའོ་ཡིས་བཤད་པར། རྒྱ་ནག་གི་ལྷོ་ཕྱོགས་ཁུལ་གྱི་ལྦུ་ཀའན་གྲོང་གསེབ་ས་ཁུལ་གྱི་མི་དམངས་ཀྱི་གནས་བབ་ལ་ལྟོས་ན། ལོ་མང་རིང་ཁོང་ཚོའི་ས་ཞིང་བཙན་འཕྲོག་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་ཡིས་ཁོང་ཚོས་ཁོང་ཁྲོའི་གདུང་རྩེ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་ཚོར་བཏོན་གྱི་ཡོད་པ་དང༌། ལྦུ་ཀའན་ས་ཁུལ་དེའི་ནང་གི་དཀའ་རྙོགས་མང་པོ་ཞིག་འཕྲལ་དུ་སེལ་ཐུབ་པ་ཞིག་མིན་པ་མ་ཟད། གལ་ཏེ་སླར་ཡང་ངོ་རྒོལ་གྱི་ཟིང་ཆ་ཞིག་ལངས་བ་ཡིན་ཚེ། དེའི་མཇུག་འབྲས་ནི་ཛ་དྲག་ཏུ་འགྲོ་རྒྱུ་རེད་ཅེས་དང༌། ཁོང་གིས་དཔེ་མཚོན་ཞིག་བཞག་པ་ནི། ཤིང་ཏོག་ཀུ་ཤུའི་ནང་ལོག་རུལ་པ་དང་གཅིག་པ་ཡིན་ཞིང༌། ཕྱི་ལོག་གི་པགས་པ་དམར་པོ་ལྟ་བུ་ཡོད་ཀྱང་ནང་དུ་རུལ་པའི་རྐྱེན་གྱིས་ཤིང་ཏོག་ཟ་ལོ་བ་མེད་པ་བཞིན། ངོ་རྒོལ་གྱི་ཟིང་ཆ་གཅིག་འགོ་ཚུགས་ཟིན་ན། དེ་གཙང་མ་བཟོ་ཐུབ་ཐབས་མེད་པ་དང་གཅིག་མཚུངས་རེད་ཅེས་བཤད་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་གྱི་གཉེར་བའི་ཀོང་ཀྲུའུ་ཉིན་རེའི་ཚོགས་པར་ཐོག་ལུང་འདྲེན་བྱས་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎