བོད་ནང་གཏོར་སྐྱོན་ཕོག་པའི་ཚོང་ཁང་ལ་རོགས་སྣོན་བྱེད་འཆར།

ཁ་སྔོན་གནོད་འཚེ་ཕོག་པའི་རྒྱ་མིའི་ཚོང་ལས་ཁག་གི་ཐོག་ལ་རྒྱ་ནག་གཞུང་ནས་བལྟ་རྟོགས་ཀྱི་སྲིད་ཇུས་གསར་པ་གཏན་འབེབས་བྱས་འདུག

2008.08.12

༄༅༎ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་༡༤ ཉིན་བོད་ནང་དུ་ད་བར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་དབང་བསྒྱུར་ལ་བོད་མི་ཚོས་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བའི་དོན་རྐྱེན་སྐབས་གནོད་འཚེ་ཕོག་པའི་རྒྱ་མིའི་ཚོང་ལས་ཁག་གི་ཐོག་ལ་རྒྱ་ནག་གཞུང་ཕྱོགས་ནས་བལྟ་རྟོགས་ཀྱི་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༡༠ བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་འགོ་བཙུགས་ཏེ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་ཇུས་དང་དབང་བསྒྱུར་གྱི་བྱ་སྤྱོད་ལ་བཟོད་སྒོམ་མ་ཐུབ་པར་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བ་མ་ཟད། ཕྱི་ཚེས་༡༤ ཉིན་རྒྱ་མིའི་དམག་དཔུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་འོག་བོད་མི་བརྒྱ་ཕྲག་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་དང་དུས་མཚུངས་གཏོར་སྐྱོན་དང་གནོད་འཚེ་ཕོག་པའི་རྒྱ་མིའི་ཚོང་ཁང་ཁག་གི་ཐོག་ལ་རྒྱ་ནག་གཞུང་གིས་བལྟ་རྟོགས་དང་རོགས་རམ་བྱ་རྒྱུའི་སྲིད་ཇུས་གསར་པ་གཏན་འབེབས་བྱས་པ་མ་ཟད། ད་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནོར་སྲིད་ལས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གསུམ་པའི་བཅུ་བཞིའི་དོན་རྐྱེན་དེའི་ནང་ལ་གནོད་སྐྱོན་ཕོག་པའི་རྒྱ་མིའི་ཚོང་ཁང་ཆིག་སྟོང་ཉིས་རྒྱ་བཅུ་དྲུག་བྱུང་ཡོད་ལུགས་དང༌། དེའི་ནང་ནས་ཚོང་ཁང་༩༩༤ ཚོང་པའི་ནང་མི་བཞི་སྟོང་བརྒྱ་དང་དགུ་ལ་འཚོ་བའི་རོགས་སྐྱོར་བྱེད་རྒྱུ་དང་དེའི་དཔལ་འབྱོར་རོགས་དངུལ་ཚོད་རྩིས་བྱས་པར་རྒྱ་མིའི་སྒོར་མོ་འབུམ་༥༨༧ དང་གྲངས་ཆུང་༤༩ རོགས་རམ་དགོས་གལ་དང་ད་དུང་རྒྱ་མི་དེ་དག་ལས་མེད་དུ་གྱུར་བ་དང་སྨན་བཅོས་སོགས་ཀྱི་ཐོག་ལ་དཔལ་འབྱོར་རོགས་རམ་ཁྲི་ ༥༥༢ དང་གྲངས་ཆུང་བརྒྱད་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎