ཨ་རྒྱའི་ཚོང་དམག་ཁྲོད་རྒྱ་ནག་གི་ལས་ཞུགས་གནས་སྟངས་ངེས་གཏན་མེད་པར་ཆགས་ཉེན།


2018.07.25
ཨ་མི་རི་ཀ་དང་རྒྱ་ནག་བར་དངོས་ཟོག་སྒོ་ཁྲལ་གྱི་ཚོང་དམག་རྒྱག་འགོ་ཚུགས་པ། ཨ་མི་རི་ཀ་དང་རྒྱ་ནག་བར་དངོས་ཟོག་སྒོ་ཁྲལ་གྱི་ཚོང་དམག་རྒྱག་འགོ་ཚུགས་པ།
Reuters

ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་རྩོད་རྙོག་ཁྲོད་རྒྱ་ནག་གི་ལས་ཞུགས་ཀྱི་གནས་སྟངས་དེའང་ངེས་གཏན་མེད་པར་ཆགས་ཉེན་ཡོད་པ་རྒྱ་ནག་གི་རྒྱལ་ཁབ་འཆར་འགོད་ཆེད་ལས་པས་ཉེན་བརྡ་བཏང་འདུག
དེ་ཡང་སྤྱི་ཚེས་༢༥ཉིན་རོས་ཡེ་ཌིར་གསར་སྤེལ་ཁང་གིས་པེ་ཅིན་ནས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་ཨ་རི་དང་རྒྱ་ནག་བར་ཚོང་འབྲེལ་ཐད་ཀྱི་རྩོད་རྙོག་ལ་བརྟེན་ནས། རྒྱ་ནག་ནང་ལས་ཞུགས་ཁྲོམ་རའི་གནད་དོན་ཐད་ངེས་གཏན་མེད་པ་ཆགས་པའི་ཉེན་ཁ་ཡོད་པ་རྒྱ་ནག་གི་རྒྱལ་ཁབ་འཆར་འགོད་ལྷན་ཁང་གིས་རེས་གཟའ་ལྷག་པའི་ཉིན་བརྗོད་ཡོད། ཡིན་ནའང་དེ་ལ་བརྟེན་ནས་རྒྱ་ནག་ནང་གཞི་རྒྱ་ཆེ་བའི་ལས་ཀ་ཤོར་བའི་གནས་ཚུལ་ཡོང་དུ་འཇུག་རྒྱུ་མིན་ཚུལ་ཁས་ལེན་དམ་བཅའ་བཞག་ཡོད་པ་གནས་ཚུལ་ནང་བཀོད་འདུག
རྒྱ་ནག་གི་རྒྱལ་ཁབ་ཡར་རྒྱས་དང་བཅོས་བསྒྱུར་འཆར་འགོད་ལྷན་ཁང་ནས་འཆར་ཅན་གནས་ཚུལ་གསལ་བསྒྲགས་བྱས་པའི་སྐབས་བརྗོད་དོན། ལས་མེད་ཀྱི་ཚད་གཞི་དེ་སྟངས་འཛིན་ཐུབ་པའི་ཐོག་ནས་ཚད་གཞི་ལས་མི་བརྒལ་བ་བྱེད་རྒྱུ་དང་། དེ་བཞིན་ལས་ཀ་ཤོར་བའི་གྲངས་ཐོ་ཐད་མུ་མཐུད་རྟོག་ཞིབ་བྱེད་རྒྱུ་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཡང་གནས་སྟངས་དེ་དག་ལ་གདོང་ལེན་བྱེད་ཆེད་ཀྱི་ཐབས་ལམ་གཞན་དག་ཀྱང་འཚོལ་རྒྱུ་ཡིན་པ་བརྗོད་འདུག
རྒྱ་ནག་གི་སྤྱི་ལོ་༢༠༡༨ལོའི་གྲོང་སྡེ་ཁག་ཏུ་བསམ་ཚུལ་བསྡུ་ལེན་གཞི་བཟུང་གིས་ལས་མེད་ཀྱི་བརྒྱ་ཆ་༥དང་ཚག་༥ཡི་ནང་ཚུད་ལ་གནས་ཐབས་དང་ཡང་གཞུང་འབྲེལ་གྱི་ཐོ་འགོད་ཡོད་པའི་ལས་མེད་བརྒྱ་ཆ་༤དང་ཚག་༥ཡི་ནང་ཚུད་ལས་མ་བརྒལ་བ་བྱེད་རྒྱུ་དེ་ཡིན་པ་རེད་འདུག
ཨ་རིའི་སྲིད་འཛིན་གྱི་ནང་ནས་ད་ལྟའི་ཨ་རིའི་སྲིད་འཛིན་(Trump)མཆོག་ནང་བཞིན་རྒྱ་ནག་དང་ཨ་རིའི་དབར་གྱི་ཚོང་འབྲེལ་དོ་མཉམ་མེད་པའི་གནད་དོན་ཐོག གདོང་དང་གདོང་ཐུག་གིས་ཁ་བཤད་ལག་བསྟར་བྱེད་མཁན་ད་བར་བྱུང་མེད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་ལ་ཁོང་གིས་རྒྱ་ནག་གི་ཕྱིར་འདྲེན་དངོས་ཟོག་ཐོག་སྒོ་ཁྲལ་ཤུགས་ཆེན་སྤར་བས་རྒྱ་ནག་ནང་ལས་ཀ་དང་དཔལ་འབྱོར་སོགས་ཕྱོགས་གང་ནས་སྒུལ་བསྐྱོད་ཤུགས་ཆེ་གཏོང་གི་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎