རྒྱལ་ཚོགས་ཀྱིས་རྒྱ་ནག་ངོ་ཚ་ཁྲེལ་མེད་ཀྱི་རྒྱལ་ཁབ་ཁོངས་མིང་འདོན་བྱས་འདུག

2018-09-12
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་དང་ཨུ་རུ་སུའི་དབུ་ཁྲིད། ༢༠༡༩།༩
རྒྱ་ནག་དང་ཨུ་རུ་སུའི་དབུ་ཁྲིད། ༢༠༡༩།༩
AP

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ཨུ་རུ་སུ་ཐེ་བའི་རྒྱལ་ཁབ་༣༨ལ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མཁན་ཚོར་འཁོན་ལན་བྱེད་མཁན་གྱི་ངོ་ཚ་ཁྲེལ་མེད་ཀྱི་རྒྱལ་ཁབ་ཀྱི་མིང་གཞུང་ནང་བཅུག་འདུག
དེ་ཡང་ཕྱི་ཚེས་༡༢ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ (Antonio Guterres)་ཡི་མཚན་ཐོག་ནས་བཏོན་པའི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་དང་ཨུ་རུ་སུ་སོགས་རྒྱལ་ཁབ་༣༨་དེ་དག་གི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དོན་གཉེར་བ་མཉམ་འབྲེལ་རྒྱལ་ཚོགས་དང་འཕྱར་གྲུ་མཉམ་འདེགས་བྱ་མཁན་ཚོར་སྡིག་རེ་བསྐུལ་བ་དང་། ནག་ཉེས་སུ་བརྩི་བ། མང་ཚོགས་འདུ་འཛོམས་ཁྲོད་ངོ་ཚ་ཕབ་པ། དེ་བཞིན་ལྐོག་གསོད་བཏང་བ་དང་སྡུག་སྦྱོང་མནར་གཅོད་དང་གང་བྱུང་འཛིན་བཟུང་བྱེད་མཁན་ཡིན་པར་ངོས་འཛིན་གྱིས་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་བྱས་འདུག།
དེ་ཡང་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་བློས་གཏོང་མཁན་གྱི་བློ་སྟོབས་ཅན་གྱི་སྐྱེས་བུ་དེ་དག་ལ་ང་ཚོས་རྗེས་སུ་ཡི་རངས་ཞུ་བ་དང་ཁོང་རྣམ་པས་མཉམ་འབྲེལ་རྒྱ་ཚོགས་ལ་གནས་ཚུལ་མཁོ་སྤྲོད་ཀྱིས་ཐོག་ནས་འཕྱར་གྲུ་མཉམ་འདེགས་བྱས་ཡོད་པ་དེ་དག་ནི་ཁོང་ཚོའི་ཐོབ་ཐང་ཡིན་པས་ངེས་པར་དུ་ཁོང་ཚོར་གུས་བརྩི་དགོས་ངེས་རེད་ཅེས་གསུངས་འདུག་ལ། ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས།
མཉམ་འབྲེལ་རྒྱལ་ཚོགས་དང་འཕྱར་གྲུ་མཉམ་འདེགས་བྱ་མཁན་ཚོར་ཉེས་པ་བཏང་བ་ནི་ངོ་ཚ་ཁྲེལ་མེད་གྱི་བྱ་སྤྱོད་ཅིག་ཡིན་སྟབས་དེའི་རིགས་ཚང་མ་ངེས་པར་དུ་མེད་པ་བཟོ་དགོས་པ་ནན་བརྗོད་གནང་འདུག
འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་སྐབས་འབྲེལ་ཡོད་གཞུང་གིས་འཇིག་སྐུལ་དྲག་སྤྱོད་པ་དང་ལག་འབྲེལ་བྱེད་ཚུལ་གྱི་མ་ཉེས་ཁ་གཡོག་བྱེད་པ་དང་། རྒྱལ་ཁབ་གྱི་བདེ་འཇགས་དང་མཚན་སྙན་ལ་གནོད་སྐྱོན་བཏང་བ་སོགས་ཀྱི་ཉེས་འཛུགས་བྱེད་པ་ནི་བློ་ཕམ་བྱེད་དགོས་པ་ཞིག་རེད་ཅེས་ཀྱང་གསུངས་འདུག
ངོ་ཚ་ཁྲེལ་མེད་ཀྱི་ཐོ་གཞུང་ནང་འཁོད་པའི་རྒྱ་ནག་ཐེ་པའི་རྒྱལ་ཁབ་འགའ་ཤས་ཤིག་ནི་མཉམ་འབྲེལ་རྒྱ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡང་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།