ཕྱི་ལོར་རྒྱ་ནག་ཏུ་ལས་ཤོར་གྱི་དཀའ་ངལ་འཕྲད་རྒྱུ་ཡིན་པ་རེད།

རྒྱ་ནག་གིས་བདག་གཉེར་བྱེད་བཞིན་པའི་ཚོང་དོན་ལས་ཁང་ཁག་ནང་གི་ལས་མི་ཉུང་དུ་གཏོང་རྒྱུའི་ལས་དོན་སྤེལ་རྒྱུ་མེད་པའི་བཀའ་རྒྱ་བཏང་བ།
2008-12-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་འོག་ཕྱི་ལོ་ཉིས་སྟོང་དགུ་ལོའི་ནང་རྒྱ་ནག་ནང་དཔལ་འབྱོར་གནས་སྟངས་དཀའ་ངལ་གྱིས་ལས་མི་མང་པོ་ལས་ཀ་ཤོར་རྒྱུར་གདོང་ལེན་བྱེད་དགོས་པའི་ལོ་ཞིག་ཆགས་རྒྱུ་ཡིན་ན་ཡང་ལས་མི་མང་པོ་ལས་ཀ་ཤོར་ཚེ་རྒྱ་ནག་གི་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་ཡོང་རྒྱུའི་ཉེན་ཚབས་ཡོད་པར་བརྟེན་ནས་རྒྱ་ནག་དབུས་གཞུང་གིས་རྒྱ་ནག་གི་ཚོང་འབྲེལ་ལས་ཁང་གིས་བདག་གཉེར་བྱེད་བཞིན་པའི་ཚོང་དོན་ལས་ཁང་ཁག་ནང་གི་ལས་མི་ཉུང་དུ་གཏོང་རྒྱུའི་ལས་དོན་སྤེལ་རྒྱུ་མེད་པའི་བཀའ་རྒྱ་བཏང་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་རྒྱ་ནག་གཞུང་ལ་དབང་བའི་ཚོང་དོན་ལས་ཁང་གི་དཔོན་རིགས་ལིའི་རུང་རུང་ཟེར་བས་བརྗོད་པའི་སྐད་ཆ་ལུང་འདྲེན་བྱས་ནས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཚོང་དོན་ལས་ཁང་གི་འགན་འཛིན་དཔོན་རིགས་ལིའུ་རུང་རུང་གིས་བརྗོད་དོན་ལྟར་ན་དེང་སྐབས་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་འོག་རྒྱ་ནག་གཞུང་གིས་བདག་གཉེར་བྱེད་བཞིན་པའི་ཚོང་དོན་ལས་ཁང་ཁག་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་དང་ལོ་རྗེས་མ་དེ་ནི་དཔལ་འབྱོར་ཐོག་ནས་དཀའ་ངལ་ཅན་གྱི་ལོ་ཞིག་ཆགས་རྒྱུ་ཡིན་པར་བརྟེན་སྤྱི་ཚོགས་བརྟན་ལྷིང་གི་གནད་དོན་ཐོག་གདོང་ལེན་དང་ནན་བཤད་བྱེད་ཡས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་བརྗོད་འདུག རྒྱ་ནག་དབུས་གཞུང་གིས་རྒྱ་ནག་གཞུང་ལ་དབང་བའི་ཚོང་དོན་ལས་ཁང་ཚོས་ལས་མི་ལས་གནས་ནས་ཕྱིར་འབུད་བྱེད་མི་ཆོག་པའི་བཀའ་རྒྱ་ བཏང་དགོས་དོན་དེ་ཡང་ཉེ་བའི་ཆར་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་འོག་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ལས་ཀ་བྱེད་པར་ཡོང་མཁན་གྱི་ཞིང་པ་ཁྲི་སྟོང་མང་པོ་ལས་ཀ་ཤོར་གྱི་ཡོད་པས་དེས་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཚབས་ཡོང་རྒྱུར་འགོག་ཐབས་ཆེད་རྒྱ་ནག་གཞུང་གིས་གོང་ཞུས་བཀའ་རྒྱ་བཏང་བ་མ་ཟད་རྒྱ་ནག་གཞུང་ལ་དབང་བའི་ཚོང་དོན་ལས་ཁང་དེ་ཚོར་དཔལ་འབྱོར་རོགས་རམ་ཡང་བྱ་རྒྱུའི་ཐབས་ལམ་ཡང་བཏོན་ཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།