ཐའེ་ལྦན་ནང་མ་རྩ་འཛུགས་འཇོག་ཐད་སྣེ་ཁྲིད་ལམ་སྟོན་བཏོན་པ།

རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁེ་ལས་ཚོང་དོན་ཁང་ཚོས་ཐའེ་ལྦན་ནང་མ་རྩ་འཛུགས་འཇོག་གི་གནད་དོན་ཐོག་སྐུལ་མའི་ལམ་སྣེ་བཏོན་ཡོད་པ་རེད།
2008-12-25
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁེ་ལས་ཚོང་དོན་ཁང་ཚོས་ཐའེ་ལྦན་ནང་མ་རྩ་འཛུགས་འཇོག་གི་གནད་དོན་ཐོག་སྐུལ་མའི་ལམ་སྣེ་བཏོན་ཡོད་པ་རེད།

རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་ཆེད་རྒྱ་ནག་རྒྱལ་ཡོངས་འཕེལ་རྒྱས་ལྷན་ཁང་དང་ཐའེ་ལྦན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གཉིས་དབར་ཐུན་མོང་ཐོག་ནས་གསལ་བསྒྲགས་སྤེལ་ཡོད་པའི་ནང་རྒྱ་ནག་གི་ཁེ་ལས་ཚོང་དོན་ཁང་ཚོར་ཐའེ་ལྦན་ནང་མ་རྩ་འཛུགས་འཇོག་བྱ་རྒྱུའི་གནད་དོན་ཐོག་དོན་ཚན་གསུམ་གྱི་ཆ་རྐྱེན་འོག་མ་རྩ་འཛུགས་འཇོག་ཐོ་བཀོད་ཆོག་པའི་སྐོར་འཁོད་ཡོད་པ་དང་དེ་ཚོའི་ནང་རྒྱ་ནག་གི་ཁེ་ལས་ཚོང་དོན་ཁང་གིས་ཐའེ་ལྦན་ནང་མ་རྩ་འཛུགས་འཇོག་ཐོག་ངེས་པར་དུ་ཐའེ་ལྦན་ནང་མ་རྩ་འཛུགས་རྒྱུའི་གནད་དོན་ཐོག་རྒྱ་ནག་གི་དཔལ་འབྱོར་འཆར་འགོད་ལྷན་ཁང་གིས་ཁེ་ལས་ཁང་དེར་འོས་འཚམས་ཀྱི་མ་རྩ་འཛུགས་རྒྱུའི་དཔལ་འབྱོར་ཆ་རྐྱེན་ཡོད་མེད་བརྟག་དཔྱད་བྱས་ནས་ལས་ཁང་དེའི་ཆོག་མཆན་ཐོབ་པའི་འོག་མ་རྩ་འཛུགས་ཆོག་པ་དང་དེ་བཞིན་རྒྱ་ནག་གི་ཁེ་ལས་ཚོང་པ་ཚོས་ཐའེ་ལྦན་ནང་མ་རྩ་འཛུགས་འཇོག་གི་འབྲེལ་ཡོད་ཁྲིམས་ལུགས་བཞིན་ལག་བསྟར་དགོས་པ་ལས་རྒྱ་ནག་གིས་ཐའེ་ལྦན་རྒྱ་ནག་དང་གཅིག་གྱུར་གྱི་དམིགས་ཡུལ་ལས་འགལ་བ་དང་ལས་དོན་དེ་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་མི་ཆོག་པ་སོགས་འཁོད་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་ཁེ་ལས་ཚོང་དོན་ཁང་ཚོ་ཐའེ་ལྦན་གཞུང་གི་བཀའ་ཁྲོལ་མེད་པར་ཐའེ་ལྦན་ནང་ཐད་ཀར་མ་རྩ་འཛུགས་འཇོག་ཆོག་གི་མེད་ཅིང་ཡིན་ནའང་ད་རེས་ཀྱི་རྒྱ་ནག་དང་ཐའེ་ལྦན་ཕྱོགས་གཉིས་དབར་ཐུན་མོང་ཐོག་ནས་བཏོན་པའི་སྣེ་ཁྲིད་ལམ་སྟོན་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་བས་ཟབ་ཏུ་འགྲོ་རྒྱུ་ཡིན་ལུགས་འཁོད་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།