རྒྱ་ནག་གིས་ཨ་རིའི་རྩེད་འགྲན་པ་ཚོར་ཉེན་བརྡ་བཏང་ཡོད་པ།

རྒྱ་ནག་གིས་ཨ་རིའི་རྩེད་འགྲན་པ་ཚོས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ལ་བསམ་བློ་གཏོང་དགོས་པའི་ཉེན་བརྡ་བཏང་འདུག

2008-07-22
Share

༄༅༎དེ་རིང་རྒྱ་ནག་ཕྱོགས་ནས་ཨོ་ལིམ་པིག་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་གྱི་ཨ་མི་རི་ཀའི་རྩེད་འགྲན་པ་ཚོས་རྩེད་འགྲན་དེའི་རིང་ལ་ངེས་པར་དུ་རྒྱ་ནག་དང་ཨ་མི་རི་ཀ་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ལ་བསམ་བློ་གཏོང་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ལིའུ་ཅན་ཁྲའོ་ ཡིས། ང་ཚོ་རྒྱ་ནག་གི་ངོས་ནས་ཨ་མི་རི་ཀའི་རྩེད་འགྲན་པ་གཙོས་པའི་ཨོ་ལིམ་པིག་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་གྱི་རྩེད་མོ་བ་ཡོངས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ནང་གི་མི་དམངས་དབར་མཛའ་གྲོགས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་འབད་བརྩོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད། དེ་ནི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ལིའུ་ཅན་ཁྲའོ་ ལ་གསར་འགོད་པ་ཞིག་གིས་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ ཇོ་ཇེ་སྦུཤེ་མཆོག་གིས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ནང་མཉམ་ཞུགས་བྱེད་མཁན་གྱི་ཨ་མི་རི་ཀའི་རྩེད་འགྲན་པ་ཚོར་ཕྱི་རྒྱལ་ཁབ་ཀྱི་སྐུ་ཚབ་ཀྱི་ངོ་བོ་མཚོན་པའི་ཁོང་ཚོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་བ་དེའི་སྐོར་བཀའ་འདྲི་ཞུས་པར་ལན་འདེབས་བྱས་པ་ཞིག་ཡིན་ཞིང༌། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་འདི་ལོ་བསྐྱར་དུ་ཞིབ་འཇུག་བྱེད་ཡུལ་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་དང་ལྷག་པར་དུ་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་དམག་དཔུང་འགྲེམས་འཇོག་གི་དྲག་གནོན་བྱས་ཡོད་པ་བརྟེན་ ཨོ་ལིམ་པིག་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་གྱི་ཨ་མི་རི་ཀའི་རྩེད་འགྲན་པ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་པ་དེར་ངོ་རྒོལ་རྣམ་པ་གསལ་པོ་བཏོན་པ་མ་ཟད། རྩེད་འགྲན་རིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་དངོས་སུ་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།