པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དམ་བསྒྲགས་སྐོར།

པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་དེ་སྔ་༡༩༣༦ལོར་ཇར་མན་གྱི་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཞུས་པ་ནང་བཞིན་ཆགས་རྒྱུའི་གནས་ཚུལ།
2008-07-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎འདི་ལོ་རྒྱ་ནག་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་དེ་སྔ་༡༩༣༦ ལོར་ཇར་མན་གྱི་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཞུས་པའི་རྗེས་རྒྱལ་སྤྱིའི་རྩེད་འགྲན་གྱི་ལོ་རྒྱུས་ནང་དམ་བསྒྲགས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་སྐོར་ཨོ་སོ་ཀྲོ་ལི་ཡའི་གསར་འགོད་མཐུན་ཚོགས་ཀྱིས་གསུངས་པའི་གནས་ཚུལ་ཐོན་འདུག་༎

རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གཉིས་ནས་ འདི་ལོ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ ཕྱི་རྒྱལ་གསར་འགོད་པ་ཚོར་རྒྱ་ནག་ནང་གནས་འཕྲིན་ད་རྒྱའི་རང་དབང་ཆ་ཚང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ ཡིན་ཡང་ ད་ཆ་རྩེད་འགྲན་དངོས་སུ་ཚོགས་རན་པའི་སྐབས་ བདུན་ཕྲག་སྔོན་མ་རྒྱ་ནག་གཞུང་གིས་ རྒྱ་ནག་ནང་ཕྱི་རྒྱལ་གསར་འགོད་པ་ཚོས་དྲ་རྒྱའི་ཐོག་གནས་ཚུལ་འཚོལ་ཞིབ་བྱེད་སྐབས་ བཙན་བྱོལ་བོད་གཞུང་དང་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་ གཞན་བོད་ཀྱི་གནད་དོན་དང་ཡང་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་ཚོགས་པ་ཁག་དང་འབྲེལ་བ་ཡོད་པའི་དྲ་རྒྱ་ཡོངས་རྫོགས་ལ་བསྔོགས་བཤེར་བཀག་སྡོམ་བྱ་རྒྱུ་སྐོར་ཡིན་བརྗོད་པ་རེད་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ དྲ་རྒྱའི་ཐོག་གནས་ཚུལ་འཚོལ་ཞིབ་ཀྱི་རང་དབང་ལ་རྒྱ་ནག་གཞུང་གི་དོ་དམ་དང་བཏང་འཛིན་གྱི་བྱ་སྤྱོད་དེར་ ཕྱི་རྒྱལ་གསར་འགོད་པ་ཙམ་མ་ཟད་ གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དགག་བྱ་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག དྲ་རྒྱའི་ཐོག་དམ་བསྒྲགས་ཀྱི་སྲིད་ཇུས་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲད་ནའང་ རྒྱ་ནག་གཞུང་གིས་བསྟུན་ཐབས་བྱ་རྒྱུའི་ཚབ་ དེ་རིང་རེས་གཟའ་ཕུར་བུའི་ཉིན་ གོང་གསལ་གྱི་ཐག་གཅོད་དེར་སླར་ཡང་ནན་བརྗོད་བྱས་ཡོད་པ་རེད་ གནས་ཚུལ་དེ་དག་ལ་རྐྱེན་པས་དེ་རིང་ཨོ་སོ་ཀྲོ་ལི་ཡའི་གསར་འགོད་མཐུན་ཚོགས་ཀྱི་འགན་འཛིན་ ཀིརི་སི་ཀྲོ་ཕར་ལྦ་རེན་ གྱིས་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་གནས་ཚུལ་བཀོད་ཕྱོགས་དང་ ལྷག་པར་དུ་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་ཆ་ནས་ རྩེད་འགྲན་སྐབས་གནས་ཚུལ་མཁོ་སྒྲུབ་ཀྱི་ཐད་ནས་ འདི་ལོ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་ དེ་སྔ་༡༩༣༦ ལོར་ན་ཛི་ཇར་མན་གྱིས་རྩེད་འགྲན་གོ་སྒྲིག་ཞུ་སྐབས་ དམ་བསྒྲགས་ཀྱི་གནས་སྟངས་དང་འདྲ་མཚུངས་ཆགས་རྒྱུ་ཡིན་སྐོར་སྔོན་བརྡ་བཏང་འདུག་ལ་ ཕྱོགས་མཚུངས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་ རྒྱ་ནག་གཞུང་གི་སྲིད་ཇུས་ངན་པ་ལ་དགག་ལན་སོགས་གང་ཡང་མེད་པ་དེར་སྐྱོན་བརྗོད་ཡང་ཤུགས་ཆེ་བྱས་འདུག་༎

མཆན། (0)
Share
དྲ་གནས་ཆ་ཚང༌།