ཨ་རིས་རྒྱ་ནག་ནང་བཙོན་པས་བཟོས་པའི་ཚོང་རྫས་ཚོང་བསྒྱུར་བྱ་མཁན་གྱི་ཚོང་ལས་ཁང་དང་འབྲེལ་ལམ་བཅད་འདུག

2019-01-10
གློག་འཕྲིན།
མཆན།
Share
པར་བཀོད།
ཤར་ཏུར་ཀི་སེ་ཐན་གྱི་ཧོ་ཏན་(HOTAN)ནང་ཡུ་གུར་བ་མང་པོ་བཀག་ཉར་སྐབས། ༢༠༡༧།༤
ཤར་ཏུར་ཀི་སེ་ཐན་གྱི་ཧོ་ཏན་(HOTAN)ནང་ཡུ་གུར་བ་མང་པོ་བཀག་ཉར་སྐབས། ༢༠༡༧།༤
Wikipedia

ཨ་མི་རི་ཀའི་གྱོན་ཆས་ཚོང་ལས་ཁང་ཞིག་གིས་ཤིན་ཅིང་ནང་གི་བཙོན་པས་བཟོས་པའི་དངོས་ཟོག་ཚོང་འགྲེམས་བྱེད་མཁན་རྒྱ་ནག་གི་ཚོང་ལས་ཁང་དང་ཚོང་འབྲེལ་མཚམས་འཇོག་བྱས་འདུག
དེ་ཡང་ཨ་མི་རི་ཀའི་མཐོ་རིམ་སློབ་གྲྭ་ཁག་གི་དེབ་ཚོང་ཁག་ནང་རྩེ་མོའི་རུ་ཁག་དང་འབྲེལ་བའི་སྟབས་བདེ་སྟོད་ཐུང་(T-Shirt) དང་དེ་མིན་གྱི་དངོས་རིགས་ཚོང་བསྒྱུར་བྱ་མཁན་གྱི་ཚོང་ལས་ཁང་ཞིག་གིས་ཤིན་ཅང་ནང་གི་བཙོན་པས་བཟོས་པའི་དངོས་ཟོག་ཚོང་འགྲེམས་བྱ་མཁན་རྒྱ་ནག་གི་ཚོང་ལས་ཁང་ཁག་དང་ཕྱི་ཟླ་ ༡ ཚེས་ ༩ གཟའ་ལྷག་པ་ནས་ཚོང་འབྲེལ་མཚམས་འཇོག་བྱས་ཡོད་འདུག
དེ་ནི་རྒྱ་ནག་གི་ཚོང་ལས་ཁང་དེ་ཡིས་རྒྱ་ནག་གཞུང་གིས་གྲང་ཉུང་མི་རིགས་ལ་ཆེད་དུ་དམིགས་པའི་སློབ་གསོ་སྤྲོད་ཡུལ་བཀག་ཉར་ཁང་དུ་བཙུགས་པའི་བཟོ་གྲྭའི་ནང་ལས་ཀ་སྐུལ་གྱི་ཡོད་པའི་རྐྱེན་ཡིན་འདུག
ཉེ་བའི་ལོ་འགའ་ཤས་ནང་རྒྱ་ནག་གཞུང་གིས་ཤིན་ཅིང་ཟེར་བའི་ཡུ་གུར་བ་གནས་སྡོད་བྱེད་ཡུལ་ས་གནས་ནང་ནས་ཡུ་གུར་བ་དང་(Kazakhstan) མི་རིགས་ཧ་ལམ་ཚོད་དཔགས་བྱས་ན་ས་ཡ་གཅིག་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་ཡོད་ལ། དོ་དམ་འོག་ཏུ་གནས་པའི་མི་ཚོས་རྒྱ་ནག་གཞུང་གིས་ཁོང་ཚོར་རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཞེན་གྱི་བསམ་པ་འཁྱེར་དགོས་པའི་ཁས་ལེན་བྱེད་དུ་བཅུག་པའི་སྐབས་ཁོང་ཚོའི་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མི་ཆོག་པ་དང་ཆོས་ལུགས་ཁས་ལེན་བྱེད་མི་ཆོག་པའི་སློབ་གསོ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད།
ཕྱི་ཟླ་བཅུ་གཉིས་པའི་ནང་(AP) གསར་འགྱུར་ལས་ཁང་གིས་གནས་ཚུལ་ཞིབ་འཇུག་བྱས་པ་བརྒྱུད་རྒྱ་ནག་གཞུང་གིས་བཙོན་པ་ཁག་ཅིག་ལ་དངོས་ཟོག་ཐོན་སྐྱེད་བྱེད་ཡུལ་དང་ཟ་བཅའ་བཟོ་ཡུལ་བཟོ་གྲྭའི་ནང་ལས་ཀ་སྐུལ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཞིབ་འཇུག་དེའི་ཐོག་ནས་རྒྱ་ནག་གི་བཙོན་པར་སློབ་གསོ་སྤྲོད་ཡུལ་བཀག་ཉར་ཁང་ནང་དུ་བཙུགས་པའི་སྒེར་གྱི་བཟོ་གྲྭ་(Hetain Taida) ཟེར་བའི་གྱོན་ཆས་བཟོ་གྲྭ་དེ་ཡིས་བཟོས་པའི་ལུས་རྩལ་རྩེད་མཁན་གྱི་གྱོན་ཆས་ཉེ་ཆར་ཨ་རིའི་བྱང་(Carolina) ནང་གི་(Badger) རྩེད་མོའི་གྱོན་ཆས་ཚོང་མཁན་ཚོང་ཁང་དེའི་དངོས་ཟོག་འབྱོར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད།
རེས་གཟའ་ལྷག་པའི་ཉིན་ཨ་རིའི་(Badger) ཚོང་ཁང་གིས་ཁོང་ཚོའི་དྲ་རྒྱའི་ཐོག་ལ་གསལ་བསྒྲགས་ཤིག་སྤེལབའི་ནང་། ཚོང་ལས་ཁང་དེ་ཡིས་ད་ཆ་རྒྱ་ནག་གི་(Hetian Taida) ཚོང་ལས་ཁང་དང་ཚོང་གི་འབྲེལ་བ་གང་ཡང་མེད་ལ་དངོས་ཟོག་ནང་འདྲེན་གང་ཡང་བྱ་རྒྱུ་མིན་པའི་སྐོར་གསུངས་ཡོད་པ་རེད།
རེས་གཟའ་ལྷག་པའི་ཉིན་(AP) གསར་འགྱུར་ལས་ཁང་གིས་གནས་ཚུལ་དེའི་ཐད་རྒྱ་ནག་གི་(Hetian Taida) ཚོང་ལས་ཁང་གི་འགོ་འཛིན་(Wu Hongbo) ལ་ཁ་པར་བཏང་ཡང་ལན་རྒྱབ་མཁན་མ་བྱུང་བའི་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།