རྒྱ་ནག་གིས་བོད་ཀྱི་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད།


2016.09.16
གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦ གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦
བོད་འབྱོར།

རྒྱ་ནག་གཞུང་གིས་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དང་གསེར་རྟ་བླ་རུང་སྒར་གཉིས་ནས་བཙན་དབང་གིས་གྲྭ་བཙུན་༢༠༠༠་ལྷག་ཕྱིར་ཕུད་བཏང་འདུག
རྒྱ་ནག་གཞུང་གི་བཀའ་ཁྱབ་འོག་ད་བར་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དང་གསེར་རྟ་བླ་རུང་སྒར་གཉིས་ནས་བཙན་དབང་གིས་གྲྭ་བཙུན་༢༠༠༠་ལྷག་ཕྱིར་ཕུད་བཏང་འདུག
དེ་ཡང་འདི་ཚེས་༡༥་ཉིན་ཧོང་ཀོང་གི་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱེད་པའི་Human Rights Watch་ཞེས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་ལྕམ་Sophia Richardson་ལགས་ཀྱིས། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་དགོན་སྡེ་ཁག་ནང་འཛུགས་སྐྲུན་བྱེད་བཞིན་ཡོད་ཚུལ་བཤད་པ་དེ་ནི་དངོས་བདེན་གནས་ཚུལ་མིན་པ་མ་ཟད། རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་ནས་གྲྭ་བཙུན་རྣམ་པའི་ཤག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་དང་། གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་ཕུད་གཏོང་བ། དེ་བཞིན་དགོན་སྡེ་ཁག་ནང་ཆོས་ཕྱོགས་ཀྱི་བྱེད་སྒོར་འཇིགས་སྐུལ་དང་དམ་བསྒྲགས་བྱེད་བཞིན་པར་གཞིགས་ན། བོད་ནང་ཆོས་དད་རང་དབང་མེད་པ་ཧ་ཅང་གསལ་བོ་དང་ཟུར་བལྟས་ལེབ་མཐོང་རེད་ཅེས་གསུངས་འདུག
ད་དུང་གོང་ཞུས་གསར་ཤོག་གིས། བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོའི་གཞུང་འབྲེལ་བཀའ་རྒྱ་ཞིག་ལུང་འདྲེན་བྱས་པའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོས་ཡ་ཆེན་སྒར་གྱི་བཙུན་མའི་ནང་མི་ལ་བཙུན་མ་ཚོ་ཆོས་སྒར་ནས་ཕྱིར་རང་གི་ཁྱིམ་ལ་ཁྲིད་དགོས་པ་དང་། གལ་ཏེ་ཁོང་ཚོ་མ་ལོག་ཚེ་ཁོང་ཚོའི་ཐོབ་ཐང་ལག་འཁྱེར་གཞུང་བཞེས་བཏང་སྟེ་ཉེས་ཆད་ལྗིད་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡའི་འཇིགས་པ་སྐུལ་འདུག་ལ་ཡང་ཡ་ཆེན་སྒར་གྱི་བཙུན་མ་ཚོ་ཕྱིར་རང་ཁྱིམ་དུ་ལོག་པའི་རྗེས་སུ་དགོན་པ་གཞན་ནང་འཛུལ་ཞུགས་མི་ཆོག་པ་མ་ཟད། ཆོས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཙན་བཀའ་ཡང་བཏང་སྐོར་བཀོད་འདུག
ཕྱི་ལོ་༡༩༨༤་ལོར་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པའི་ཡ་ཆེན་ཨོ་བསམ་གཏན་གླིང་ངམ་ཡ་ཆེན་སྒར་ནི། གསེར་རྟ་བླ་རུང་སྒར་དང་འདྲ་བར་བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་སའི་བསྟི་གནས་ཆེན་པོ་ཞིག་ཡིན་པ་དང་། དགོན་གནས་དེ་གར་གཏན་སྡོད་གནང་མཁན་སློབ་གཉེར་བ་ཁྱོན་བསྡོམས་ཆིག་ཁྲི་ལྷག་ཡོད་པ་རེད་འདུག།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎