རྒྱ་མི་ཉེན་རྟོག་པས་བོད་མི་ཞིག་བསད་ཡོད་པ།

རྒྱ་མིའི་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་ཁང་ནང་བོད་མིའི་རང་དབང་འཐབ་རྩོད་པ་ཞིག་ལ་མེ་མདའ་རྒྱབ་ནས་འདས་གྲོངས་སུ་བཏང་འདུག
2008-04-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་མིའི་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་ཁང་ནང་བོད་མིའི་རང་དབང་འཐབ་རྩོད་པ་ཞིག་ལ་མེ་མདའ་རྒྱབ་ནས་འདས་གྲོངས་སུ་བཏང་ཡོད་སྐོར། ད་རིང་རྒྱ་ནག་གཞུང་འབྲེལ་ཞིན་ཧ་གསར་ལམ་ནང་བརྗོད་ཡོད་པ་དེ་ནི་གཞུང་འབྲེལ་ཐོག་ནས་བོད་མི་རྐྱེན་འདས་སུ་

བཏང་བ་འཛིན་སྐྱོང་དཔོན་རིགས་ཚོས་ངོས་ལེན་བྱས་པ་ཞིག་ཡིན་པ་རེད། རེས་གཟའ་ཟླ་བའི་ཉིན་བོད་རིགས་གནས་

འཁོད་མཚོ་སྔོན་ཞིང་ཆེན་ནང་ཕན་ཚུན་མེ་མདའ་རྒྱབ་རེས་བྱས་པའི་སྐབས་ཉེན་རྟོག་པ་མི་ཅིག་འདས་གྲོངས་ཕྱིན་ཡོད་པ་དང༌། མི་དེའི་མིང་ལ་བླ་མ་ཚེ་བརྟན་ཡིན་སྐོར་ཞིན་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་བྱེད་

བཞིན་པའི་གནས་ཚུལ་ཕྱི་ཕྱོགས་ལ་མ་ཁྱབ་པའི་དོན་དུ། ཕྱི་རྒྱལ་གྱི་གསར་འགོད་པ་དང་རང་དབང་ཅན་གྱི་རྟོག་ཞིབ་མི་སྣ་ཚོ་བོད་ནང་

ཕེབས་མ་ཐུབ་པའི་དམ་བསྒྲག་ཤུགས་ཆེ་བྱ་ཕྱིར་རྒྱ་མིའི་དཔུང་དམག་ཕོན་ཆེ་གང་སར་འགྲེམས་འཇོག་བྱས་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཉེན་རྟོག་པས་བོད་རང་བཙན་རྩོད་ལེན་གྱི་ལས་འགུལ་སྣེ་ཁྲིད་བྱེད་མཁན་ཡིན་པར་ཉེས་འཛུགས་བྱེད་སའི་མི་ཞིག་འཚོལ་ཞིབ་བྱས་པའི་སྐབས། གོང་ཞུས་གནད་དོན་དེ་བྱུང་ཡོད་སྐོར་མཚོ་སྔོན་སྤྱི་བདེ་མཚན་པས་འགྲེལ་བརྗོད་བྱས་པ་ཞིན་ཧ་གསར་

ལས་ཁང་གིས་ལུང་འདྲེན་བྱས་འདུག་ཅིང༌། ཟླ་བ་ཅིག་རིང་རྟོག་ཞིབ་བྱས་པའི་མཐར་རེས་གཟའ་ཟླ་བའི་ཉིན་ཉེན་རྟོག་པས་

བོད་མི་དེ་འཛིན་བཟུང་བྱེད་པར་འགྲོ་སྐབས་མེ་མདའ་རྒྱབ་རེས་ཐུགས་ཡོད་པ་དང༌། ཉེན་རྟོག་པའི་མི་སྣ་ཞིག་སྐྱེན་ལམ་དུ་ཕྱིན་པ་དང་།་ ཉེན་རྟོག་པ་གཞན་ཚོས་མེ་མདའ་རྒྱབ་ནས་བོད་རིགས་དེ་བསད་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།