རྒྱ་གར་གྱིས་རྒྱ་ནག་གི་གསར་འགོད་པ་ཕྱིར་ཕུད་པར་ཁོང་ཁྲོ་ལངས་བ།


2016.07.25
ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གི་རྒྱ་ནག་གི་ཤིན་ཧྭ་གསར་ལས་ཁང་གི་ཁྱབ་བསྒྲགས། ༢༠༡༧།༥ ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གི་རྒྱ་ནག་གི་ཤིན་ཧྭ་གསར་ལས་ཁང་གི་ཁྱབ་བསྒྲགས། ༢༠༡༧།༥
ཀླུ་འབུམ།/RFA

རྒྱ་གར་ནང་གི་རྒྱ་མིའི་གསར་འགོད་པ་གསུམ་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཆོག་མཆན་མེད་པའི་ཐོག་ནས་གསང་བསྐྱོད་བྱེད་པའི་རྐྱེན་གྱིས་ཕྱིར་བུད་བྱས་པ་དེར་རྒྱ་ནག་ཁོང་ཁྲོ་ལངས་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། གྲོང་ཁྱེར་མུམ་བྷེ་ཡི་ནང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གི་འགན་འཛིན་ཝོའུ་ཆང་Wu Qiang་དང་། ལེའུ་ཐང་Lu Tang་དེ་བཞིན་གསར་འགོད་པ་ཧྲི་ཡོན་ཀང་She Yonggang་བཅས་མི་གསུམ་ཟླ་བ་འདིའི་ཚེས་༣༡་མ་འགྱངས་པར་རྒྱ་ནག་ལ་ཕྱིར་ལོག་དགོས་ལུགས་རྒྱ་གར་གཞུང་གིས་བཀོད་ཁྱབ་བཏང་ཡོད་པ་དང་། ཕ་རན་སིའི་གསར་འགྱུར་ལས་ཁང་ནས་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་བཀའ་འདྲི་ཞུས་པའི་སྐབས། མིང་འདོན་གནང་འདོད་མེད་པའི་གཞུང་གི་ལས་བྱེད་ཅིག་གིས་། ཁོང་གསུམ་གྱིས་གསར་འགོད་པའི་ལས་ཀའི་ངོ་བོ་ལས་འགལ་བའི་ལས་དོན་སྤེལ་གྱི་ཡོད་པ་འབྲེལ་ཡོད་སྲུང་སྐྱོབ་ལས་ཁུངས་ནས་ཤེས་རྟོག་བྱུང་བའི་རྗེས་སུ། ཁོང་ཚོའི་ཐོངས་མཆན་དུས་འགྱངས་ཆོག་མཆན་སྤྲད་མེད་པ་ཞིག་ཡིན་པ་ལས་ཕྱིར་བུད་བཏང་ཡོད་མ་རེད་ཅེས་གསུངས་འདུག
འོན་ཀྱང་གནས་ཚུལ་གསལ་པོ་འགྲེལ་བརྗོད་གནང་མིན་ལ་མ་ལྟོས་པར་རྒྱ་གར་གྱི་ Hindustan Times་ཞེས་པའི་གསར་ཤོག་ནང་གནས་ཚུལ་བཀོད་ཐོན་བྱུང་བ་ཞིག་ལུང་འདྲེན་བྱེད་པའི་ནང་། གོང་ཞུས་གསར་འགོད་པའི་ཁོངས་ནས་མི་གཉིས་ཀྱིས་ལུགས་དང་མཐུན་པའི་ཐོག་ནས་ཆོག་མཆན་མ་ཞུས་པར་སྔ་ལོ་རྒྱ་གར་ལྷོ་ཕྱོགས་Karnataka་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་མིང་དང་ངོ་སྤྲོད་རྫུན་མ་བཟོས་ནས་འཛུལ་ཞུགས་སྐོར་བསྐྱོད་བྱས་ཡོད་པ་ཤེས་རྟོག་བྱུང་ཡོད་འདུག
ཡང་དེ་རིང་རྒྱ་ནག་གཞུང་འབྲེལ་Global Times་ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ནང་། རྒྱ་གར་གྱིས་ཉེ་ཆར་རྡུལ་ཕྲན་ནུས་ཤུགས་འགྲེམས་སྤེལ་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུར་རྒྱ་ནག་ནས་འགོག་རྐྱེན་བཟོས་པ་དེར། དགྲ་ཤ་ལེན་རྒྱུའི་ཆེད་ད་རེས་ང་ཚོའི་གསར་འགོད་པ་དེ་དག་ཕྱིར་བུད་བྱས་པ་ཞིག་ཡིན་ན་དེར་ང་ཚོས་གདོང་ལེན་བྱེད་རྒྱུ་ཡིན་ལ་རྒྱ་ནག་གཞུང་གི་ངོས་ནས་ཀྱང་རྒྱ་ནག་ལ་ཡོང་རྒྱུའི་ཆོག་མཆན་ལས་སླ་པོ་མེད་པ་ཞིག་བཟོ་དགོས་ཀྱི་རེད་ཟེར་བ་སོགས་རྒྱ་མིའི་གསར་འགོད་པ་གསུམ་ཕྱིར་བུད་བྱས་པའི་གནད་དོན་ཐོག་རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་པའི་རྣམ་འགྱུར་བསྟན་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎