རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་འཛིན་བཟུང་།

རྒྱ་ནག་གཞུང་གིས་ལིའུ་སའོ་ཕོའོ་སོགས་དོ་དམ་བཀག་ཉར་བྱས་པར་ཨ་རི་གཞུང་ནས་དོ་འཁུར་བྱེད་རྒྱུའི་རྣམ་པ་བསྟན་ཡོད་པའི་གནས་ཚུལ།

2008.12.12

༄༅༎འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ལ་ས་རྟགས་བཀོད་དེ་ལོ་དྲུག་བཅུ་འཁོར་བའི་དྲན་གསོའི་སྔ་སྣུར་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་འཛིན་བཟུང་བྱས་དོན་ལ་ཨ་རིའི་རྒྱལ་དོན་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གཞུང་གིས་བཀག་ཉར་དོ་དམ་བྱས་པའི་གྲགས་ཅན་གྱི་གཞུང་དང་ལྟ་ཚུལ་མི་མཐུན་པ་འཛིན་མཁན་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ཡི་བདེ་འཇགས་ལ་དམིགས་བསལ་གྱི་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་དང་རྒྱ་ནག་གཞུང་ནས་ལིའུ་ཤའོ་ཕུའུ་གློད་འགྲོལ་གཏོང་དགོས་པ་ང་ཚོས་འབོད་སྐུལ་བྱ་རྒྱུ་མ་ཟད་ཞི་བའི་ལམ་ནས་རྒྱལ་སྤྱིའི་སྤྱི་མོས་ངོས་ལེན་བྱེད་པའི་གཞི་རྩའི་རང་དབང་འཐོབ་རའི་རྣམ་པ་སྟོན་མཁན་རྒྱ་ནག་གི་སྤྱི་འབངས་ལ་བསུན་བཙིར་བཟོ་བ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་ནང་བཀོད་འདུག

གོང་གསལ་རྒྱ་ནག་གི་རྩོམ་པ་པོ་ལིའུ་ཤའོ་ཕུའུ་འཛིན་བཟུང་བྱས་དགོས་དོན་དེའི་ཐད་བུའུ་ཤུན་སོགས་རྒྱ་ཡིག་དྲ་གནས་ཐོག་གནས་ཚུལ་ཐོན་གསལ་བྱས་ན་ཉེ་ཆར་རྒྱ་ནག་ཏུ་ཡོད་པའི་རྩོམ་པ་པོ་སོགས་མི་སུམ་བརྒྱ་ལྷག་གིས་ས་རྟགས་བཀོད་པའི་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཞེས་པའི་ཡིག་ཆ་བཏོན་པ་ལས་བྱུང་བ་དང་དེའང་ལིའུ་ཤའོ་ཕུ་འཛིན་བཟུང་བྱེད་དགོས་པ་ཧུའུ་ཅིན་ཐའོ་ངོ་མས་བཀའ་བཀོད་བཏང་བ་ཞིག་ཡིན་ལུགས་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎