བོད་རིགས་ལས་མི་བསྡུ་རྒྱུ་མིན་པའི་དབྱེ་འབྱེད་བྱས་འདུག


2020.01.22
ལས་མི་བསྡུ་བའི་ཁྱབ་བསྒྲགས་ངོ་བཤུས། ལས་མི་བསྡུ་བའི་ཁྱབ་བསྒྲགས་ངོ་བཤུས།
དྲ་བཤུས།

རྒྱ་ནག་ནང་གི་ཁེ་གཉེར་ལས་ཁང་ཁག་ཅིག་གིས་ལས་མི་བསྡུ་སྐབས་བོད་རིགས་བསྡུ་རྒྱུ་མིན་པའི་དབྱེ་འབྱེད་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་རྒྱ་ནག་ནང་གི་ཁེ་གཉེར་ལས་ཁང་ཁག་ཅིག་གི་ལས་མི་བསྡུ་བའི་གསལ་བསྒྲགས་འབྱོར་བའི་ནང་ལས་མི་བོད་རིགས་བསྡུ་རྒྱུ་མིན་པ་གསལ་འདུག་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གསལ་བསྒྲགས་དེའི་སྐོར་རྩད་གཅོད་བྱས་སྐབས། དེ་ནི་རྒྱ་ནག་ཁྲིན་ཏུའུ་ཕྱོགས་ཀྱི་འཕྲལ་སེལ་ལས་མི་བསྡུ་རྒྱུའི་གསལ་བསྒྲགས་སྤེལ་སའི་འཕྲིན་སྟེགས་ཞིག་གི་སྟེང་། སྤྱི་ལོ་༢༠༡༩་ལོའི་ཟླ་༡༢་བའི་ཚེས་༣༡་ཉིན་སི་ཁྲོན་ཁྲིན་ཏུའུ་ཡེ་ཐན་(伊藤洋华堂Ito-Yokado)་ཚོང་ཁང་ཆེན་མོའི་མིང་ཐོག་ལུགས་རྙིང་ལོ་གསར་དང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་ལས་ཀ་བྱེད་མཁན་ལས་མི་བསྡུ་བའི་གསལ་བསྒྲགས་ནང་། ཕོ་མོ་ཁྱད་མེད་ལོ་ན་ ༡༦ ་ནས་ ༤༥ ་བར་གྱི་ལས་མི་བསྡུ་རྒྱུར། བོད་མི་ཕུད་པའི་གཞན་མི་རིགས་ཁྱད་མེད་ལས་ཞུགས་ཆེད་འབྲེལ་གཏུག་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཅེས་གསལ་འདུག
གནས་ཚུལ་རྩད་གཅོད་བྱས་སྐབས། དེ་ནི་ལུགས་རྙིང་ལོ་གསར་དང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་ལས་མི་མང་པོ་རང་ཁྱིམ་ལ་ལོག་ནས། ལས་ཀ་བྱེད་མཁན་དཀོན་པའི་སྐབས་ཚོང་ལ་དོ་ཕོག་མི་ཡོང་ཆེད་རྒྱ་ནག་ནང་གི་ཁེ་གཉེར་ལས་ཁང་མང་པོས་དེ་ལྟར་འཕྲལ་སེལ་ལས་མི་བཙལ་ནས་ཚོང་ལས་རྒྱུན་མཐུད་བྱེད་སྲོལ་ཡོད་པའི་གསལ་བསྒྲགས་ཞིག་ཡིན་པ་རེད་འདུག
གོང་གི་ཁྱབ་བསྒྲགས་དེ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་མེད་གསལ་བོ་མེད་ཀྱང་། དེ་སྔ་རྒྱ་ནག་གཞུང་གི་བཀོད་ཁྱབ་ལྟར། རྒྱ་ནག་ནང་ཁུལ་གྱི་མགྲོན་ཁང་ཁག་ནང་བོད་རིགས་སྡོད་དུ་མ་བཅུག་པའི་དཀའ་ངལ་དང་། དེ་བཞིན་རྒྱ་ནག་ནང་གི་ཟ་ཁང་ཁ་ཤས་ཀྱིས་ལས་མི་བསྡུ་སྐབས་བོད་རིགས་ཡིན་ན་གླ་ཆ་ཉུང་བ་སྤྲད་པ་སོགས་དབྱེ་འབྱེད་ཀྱི་གནས་ཚུལ་མི་ཉུང་བ་བྱུང་ཡོད་ལ་དེས་བོད་ནང་གི་བོད་མི་ཚོར་སེམས་འཚབ་དང་དཀའ་ངལ་འཕར་མ་ཡོང་བཞིན་པ་རེད། ཕྱི་ཕྱོགས་ནས་དབྱེ་འབྱེད་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་བྱེད་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎